[A:༡༢ན]དག་གིས་ཉེ་བར་བཀྲལ་བའི་ཚུལ་ལུགས་ཇི་སྙེད་ཡོད་པའི་ལེགས་བཤད་རྣམས་ལ་རྣམ་དཔྱོད་བཟང་པོས་སླར་ཡང་མི་གསལ་བ་གསལ་བ་དང་། མ་ཚང་བ་ཁ་སྐོང་བ་དང་། དཀའ་བའི་གནས་ཀུན་དཔྱིས་ཕྱིན་པར་བཀྲོལ་ནས། གངས་རིའི་ལྗོངས་ཀྱི་མཁས་རློམ་མཐའ་དག་གི་བློའི་སྤྱོད་ཡུལ་ལས་འདས་པའི་རྣམ་གྲངས་སུ་གྱུར་པ་དུ་མའི་ཆོས་ཀྱི་འོར་འོར་དུས་དང་གནས་སྐབས་ཀུན་དུ་སྤེལ་བར་མཛད་པ་ལ། དེའི་ཚེ་འཕགས་པ་རྟག་ཏུ་ངུའི་རྣམ་པར་ཐར་པ་ལས་འབྱུང་བ་ལྟར། བཟའ་བ་དང་བགོ་བ་སོགས་ཀྱི་རོ་མྱོང་བར་
མ་
མཛད་པ་ལྟ་ཞོག་གིས། ཐ་ན་ཉི་ཆར་རླུང་སོགས་ཚ་གྲང་གི་རེག་བྱ་གང་གིས་ཀྱང་བརྗེ་བར་མི་ནུས་པའི་ཉན་བཤད་ཁྱད་པར་ཅན། སྔོན་གྱི་སློབ་དཔོན་ཕྱ་བ་ཆེན་པོ་ཆོས་ཀྱི་སེང་གེས་མཛད་པ་ལ་འགྲན་པར་རྗེས་སུ་སྤོབས་པའི་ངང་ཚུལ་བཟོང་ལ་བཞུགས་པར་གྱུར་ཏོ་ཞེས་གྲགས་སོ། དེ་དག་ལ་འདི་སྐད་ཅེས་བྱ་སྟེ། སངས་རྒྱས་ངོ་བོ་བླ་ཆེན་གོང་མའི་ཁྲིར། བློ་གྲོས་གསལ་ལྡན་དུ་མས་མངའ་གསོལ་ནས། སྔ་རབས་མཁས་པའི་སྲོལ་ལས་ལེགས་བརྩམས་པའི་