[A:༡༢བ]འབེལ་བའི་གཏམ་གྱིས་ས་འདི་དགེ་བར་མཛད། རྒྱན་དྲུག་གཞུང་གི་དེ་ཉིད་འཆད་པ་ལ། རྒྱན་དྲུག་མཁོན་གཉིས་འབྱོན་པའམ་རྒྱན་དྲུག་རང་གིའང་མ་དཔྱད་ལེགས་བྱས་ཀྱིས། རྒྱན་དྲུག་གསུང་གི་སྦས་དོན་ཉེ་བར་ཕྱེ། འཛམ་གླིང་འདི་ན་ཆོས་བརྒྱད་ཁྲིར་འཁོད་ནས། ཆོས་སྨྲའི་ཚུལ་ལུགས་འཛིན་པ་བགྲང་ཡས་ཀྱང་། ཁྱོད་བཞིན་ཚ་གྲང་དལ་བ་རྒྱང་བསྲིངས་ནས། བསྟན་དང་འགྲོ་ལ་དགོངས་པ་རེ་རེ་ཙམ། འཆད་ཚེ་ཚིག་དོན་བཅས་པའི་ཕྲ་བའི་གནས། མ་འདྲེས་མི་འགལ་ཟློས་པའི་སྐྱོན་སྤངས་ནས། ཉུང་ངུའི་ཚིག་གིས་རྒྱ་ཆེའི་དོན་སྟོན་པའི། འགྲེལ་བྱེད་སྔོན་ཆད་བོད་འདིར་ཁྱེད་ལས་སུ། སངས་རྒྱས་གཉིས་པ་དབྱིག་གི་གཉེན་མཆོག་དང་། ཐ་དད་ཉིད་དུ་གྱུར་པ་མ་མཆིས་ཤེས། བདག་གིས་གཅམ་བུའི་ཟོལ་བསྟོད་མིན་པར་ཡང་། འདི་ན་མཁས་དང་རྨོངས་རྣམས་མགྲིན་གཅིག་གླེང་། དུས་རྣམས་ཀུན་ཏུ་མི་ལྷོད་བརྩོན་འགྲུས་ཀྱིས། ལེགས་བྱས་བགྱི་བ་ཁ་ཏོན་རྒྱ་ཆེན་དང་། རྣམས་མང་ཏིང་འཛིན་