[A:༡༣ན]འོར་འོར་མཆོད་པའི་ཚུལ། གསང་སྔགས་འཛིན་པ་གཞན་ལའང་སྔོན་མ་མཐོང་། གང་ལ་བརྩད་ཅིང་དྲིས་པའི་གཞུང་ཀུན་ལ། གཅིག་ལ་གཅིག་ཏུ་སྦྱངས་བ་ལྟ་བུ་སྟེ། ཀུན་ལ་ཀུན་དུ་བྱང་ཆུབ་ཉིད་གྱུར་ནས། མགོན་ཁྱོད་སངས་རྒྱས་ཁོ་ནའི་མཛད་པ་ཅན། ཐོས་བསམ་མཐར་ཕྱིན་གྲུབ་པའི་དབང་ཕྱུག་གྱུར། བློ་གསལ་འབུམ་སྡེ་མཁས་པའི་གནས་ལ་བཀོད། འཛམ་གླིང་ཀུན་ཏུ་སྙན་པའི་གྲགས་པས་ཁྱབ། ཕྱོགས་ལས་རྣམ་རྒྱལ་མ་ཕམ་ཆོས་ཀྱི་རྗེ། དེ་དག་གི་སྐབས་སུ་རྒོལ་བ་དང་། ཕྱིར་རྒོལ་པ་དག་གི་ལན་
ལྡོན་
པའི་ཚུལ་ཡང་། རྒོལ་བར་གྱུར་པ་འགའ་ཞིག་ནི། རིགས་པ་དྲི་མ་མེད་པའི་
སྒོ་ནས་མི་སྨྲ་བའི་བརྟུལ་ཞུགས་ལ་དངོས་སུ་ཡང་བཀོད་པར་གྱུར་ཅིང་། གཞན་དུ་སྔ་ཕྱིའི་གནད་དང་ཤིན་ཏུ་ཕྲ་བའི་གནས་སུ་མཐའ་དག་ལ་གཟིགས་པ་རྒྱ་མཚོའི་ཕ་རོལ་དུ་ལེགས་པར་སོན་པ། དཔལ་ལྡན་ཆོས་ཀྱི་གྲགས་པའི་དངོས་སྟོབས་རིགས་པའི་གཞུང་ལུགས་ཟབ་མོའི་སྒོ་