[A:༡༥ན]གདམས་ཡིག་དང་། བླ་བསྟོད་འགའ་ཡང་། འདུལ་བའི་འདོད་{འཇོ་བསླབ་}བྱ་དཔག་བསམ་འདོད་འཇོའི་ཉིད་བསྡུས་སྡོམ་གསུམ་ཊཱི་ཀ་བསྟན་པའི་སྒྲོན་མེ་ཕྱིས། བདག་ཆེན་ངག་གི་དབང་ཕྱུག་གི་བཀས་བསྐུལ་ནས། གྲུབ་མཐའ་ཤན་འབྱེད་སྐབས་ཤིག་ཏུ། དཔོན་ས་ཚེ་དབང་རིན་ཆེན་བཀྲ་ཤིས་དབང་གི་རྒྱལ་པོའི་གསུང་གི་རྔ་བོ་ཆེས་ལེགས་པར་བསྐུལ་ནས། བཤེས་པའི་སྤྲིང་ཡིག་གི་འགྲེལ་བ་སྔོན་མེད་ལེགས་པར་བཤད་པའི་སྒོ་བརྒྱ་པ་མཛད། ཡང་བདེ་གཤེགས་སྙིང་པོའི་བརྒལ་ངན། {ཁྱན་}དྲིས་ལན་ཐོར་བུ་པ་འགའ་སོགས་མཛད། དེ་དག་ལ་འདི་སྐད་ཅེས། ཀླུ་ཡི་མེ་ཏོག་ལེགས་བཤད་སྒྲང་རྩི་ནི། ས་སྐྱོང་བདེ་སྤྱོ་སྙིམ་པས་ལེགས་བླངས་ནས། མཐའ་ཡས་སྐྱེ་བོའི་དཔལ་དུ་ཉེར་སྦྱིན་པ། སྲིད་མཐར་ཆོས་ཀྱི་དགའ་སྟོན་རྒྱས་པར་གྱུར། དེ་སླད་ལྔ་རིག་ཞལ་གྱི་པད་ཚལ་ལས། མི་དབང་རྣམ་དཔྱོད་ལྷག་བསམ་འོད་དཀར་གྱིས། ཀུན་ནས་བསྐྱེད་པའི་ངོ་མཚར་