R275: པཎྜི་ཏའི་རྣམ་པར་ཐར་པ་དད་པའི་གླང་པོ་སྐུལ་བའི་ལྕགས་ཀྱུ།

  • Pagination (Witness A): ༡༤བ
[A:༡༤བ]རྒྱུན་ལགས། དེས་ན་མཁས་པའི་བྱ་བ་ཇི་སྙེད་པ། མིག་ལྡན་སྐྱེ་བོ་གོམས་པ་འཇོག་མཚུངས་ཀྱིས། མི་ཤེས་བླུན་པོའི་{བབ་བཅོལ་}ངོར་འགྲན་ན། དམུ་ལོང་མི་བཟང་གཡང་ཁར་འཇུག་པར་བས། དེ་ལྟར་ལེགས་པས་འགྲན་བྱེད་སྐྱེས་བུ་ཀུན། བསྟན་ལ་དགོངས་པའི་རྣམ་དག་འཆད་རྩོད་ཀྱིས། བསྟན་པའི་ཉིན་བྱེད་ཤིན་ཏུ་མཐོང་དཀའ་འདིར། བསྟན་པ་རིན་ཆེན་འབའ་ཞིག་ཉེར་དགོངས་གསོལ། བདག་འདྲ་ཐོས་པའི་མིག་བྲལ་གྱ་ཚོམ་མཁན། {ཡན་ལག་}རིགས་པའི་སྣང་བ་མེད་གྱུར་ན། ཇི་ལྟའི་སྒོ་ནས་ཐུབ་ལ་བྱ་བ་བགྱིད། མྱེན་ལྡན་དམ་པ་རྣམས་ཀྱིས་བག་ཡོད་མཛོད། དེས་ན་དུས་དང་གནས་སྐབས་ཐམས་ཅད་དུ། བུ་སྡུག་ཆུ་ཡིས་ཁྱེར་བའི་མ་བཞིན་དུ། སངས་རྒྱས་བསྟན་པའི་ལྷག་མ་འདི་ཟུང་ཞེས། ཀུན་ལ་ཐལ་མོ་སྦྱར་ནས་གསོལ་ཞིང་མཆིས། བསྟན་པའི་བདག་རྐྱེན་དུ་གྱུར་བ་རྩོམ་པ་ནོར་བུའི་ཕྲེང་མཛེས་སྤེལ་བའི་ཚུལ་ལ། དང་པོར་ཉེར་མཁོའི་ལེགས་བཤད་གདུལ་བྱ་འགའ་ལ་