[A:༡༥བ]མ་ལིའི་ཕྲེང་། ཕྱོགས་ཀྱི་བློ་གསལ་མིག་གི་དཔལ་དུ་ཤར། ཞེས་སོ། དེ་ལྟར་གང་གིས་མཛད་པའི་གསུང་རབ་ཇི་སྙེད་ཡོད་པ་དག་ཀྱང་། སྔ་མ་ནས་རྗོད་བྱེད་ཀྱི་ཚིག་ལ་བརྐུས་པའི་རང་གི་རྣམ་དཔྱོད་བཟང་པོའི་རྩོམ་སྔོན་ཆད་མ་ཐོས་པའི་ངོ་མཚར་ཅན་དང་། བརྗོད་བྱའི་དོན་སྔ་མ་ཀུན་ཀྱང་མ་ཚང་བ་མེད་ཅིང་དེ་དག་ཏུ་དཔྱིས་མ་ཕྱིན་པའི་གནད་ཀྱི་དོན་ཟབ་མོ་སྔོན་ཆད་མཁས་པའི་མཁས་པར་གྲགས་པ་དག་གིའང་ཡིད་ཡུལ་དུ་མ་གྱུར་པའི་དཀའ་བའི་གནས། རྣམ་པར་བཀྲོལ་བ་མཐོང་ཚེ་གཟུར་གནས་སྐྱེས་བུ་ཀུན་རང་དབང་མེད་པར་དད་པའི་རླབས་རྒྱས་པར་མཛད་པའི་ཚིག་འབྲུ་བཟང་པོ་དོན་ཟབ་པ་རྒྱལ་བའི་བཀའ་དྲི་མ་མེད་པ་དང་འདྲ་བར་གྱུར་པ་དག་དང་། གཞན་གསུང་ལ་ཟིན་བྲིས་སུ་བགྱིས་པའི་བློ་གསལ་དུ་མའི་རེ་བ་སྐོང་བའི་གནས་སུ་གྱུར་པ་མཐའ་ཡས་མོད་ཀྱི། དེ་དག་གི་མཚན་གྱི་རྣམ་གྲངས་ནི་རྒྱས་པར་བརྗོད་པར་མ་སྤོབས་སོ། དེ་དག་ལ་འདི་སྐད་ཅེས། གང་གི་གསུང་གི་བདུད་རྩི་འོ་མའི་རྒྱུན། སྐལ་ལྡན་