R275: པཎྜི་ཏའི་རྣམ་པར་ཐར་པ་དད་པའི་གླང་པོ་སྐུལ་བའི་ལྕགས་ཀྱུ།

  • Pagination (Witness A): ༡༦ན
[A:༡༦ན]ཐར་པའི་ལུས་སེམས་བདེ་སྟེར་ཀྱང་། སྐལ་མེད་ལྟོས་འགྲོའི་ཚོགས་རྣམས་ཉམ་ཐག་པའི། རྐྱེན་གཉིས་ལས་ཀྱི་དབང་གིས་ཉེ་བར་བསྒྱུར། འདི་ན་རྗེ་བཙུན་ཆོས་ཀྱི་སྤྱན་ལྡན་ལ། འགྲན་པར་སྤོབས་ན་འདི་ཉིད་རྗེས་སུ་སྒྲུབས། འཆད་རྩོད་རྩོམ་པས་མི་ཚེ་འདའ་བ་ན། འགྲན་པའི་རྗེས་མཐུན་ལེགས་ཀྱི་དགོངས་ན་ཀོ། གཞན་དུ་ཆོས་ཀྱི་རྙེད་པ་ཆོས་ཀྱིས་སྦྱོར། སྦྱོར་བ་དེ་ལ་ཕྲག་དོག་འགྲན་པས་ཅི། སྤྱི་བརྟོལ་བསྐྱེད་དེ་ངན་ཚིག་སྨྲ་བ་ན། རང་ཉིད་དམ་པ་མིན་པའི་གྲངས་སུ་བགྲང་། དེས་ན་བདག་ལ་ཕྱོགས་ལྷུང་བློ་མེད་ཀྱིས། ཉེ་བའི་ཕན་ཚིག་འདི་ལ་བརྩེ་བར་དགོངས། ཆོས་སྨྲའི་སྐྱེས་བུ་སྟོན་པ་ཉིད་མཚུངས་ཤེས། ཆོས་ཚུལ་ཀུན་ན་མ་སྦས་གསལ་བར་སྣང་། ཆོས་ཚུལ་ཕན་ཚུན་འགྲན་པའི་ཟོལ་གྱིས་ནི། ཆོས་འཛིན་དམ་པ་སྨད་ན་མི་བཟད་ལས། འདི་ཤེས་སྐྱེ་བོ་སྡིག་པའི་ལས་བགྱིད་པ། དེ་ལ་སྨད་པར་བྱེད་པའི་