R275: པཎྜི་ཏའི་རྣམ་པར་ཐར་པ་དད་པའི་གླང་པོ་སྐུལ་བའི་ལྕགས་ཀྱུ།

  • Pagination (Witness A): ༡༦བ
[A:༡༦བ]ཡིད་བགྲང་ན། ཆོས་མཛད་རྣམས་ཀྱང་དེ་ཡི་རྗེས་འཇུག་ཚེ། འདི་ལ་མིང་དུ་བགྱི་བ་ཇི་ལྟར་འདོགས། ཀྱེ་མ་ཐུབ་པའི་བསྟན་པ་རིན་པོ་ཆེ། སྒྲོན་མེ་ཟད་མཐའི་དུས་
དང་
མཚུངས་ཉིད་ན། ཕན་སེམས་ལྡན་པའི་ཆོས་ཀྱི་མར་ཁུ་ཡིད། ད་དུང་ཅུང་ཟད་བརྟེན་ན་ཅི་མ་རུང་། མདོར་ན་མར་གྱུར་འགྲོ་བའི་བདེ་སྐྱིད་ནི། ཐུབ་པའི་བསྟན་པ་མཆོག་ལ་རག་ལུས་ཕྱིར། ཕྱོགས་བཅུར་བཞུགས་པའི་དགེ་བའི་བཤེས་རྣམས་ཀྱིས། བརྩོན་ཆེན་
ཆོས་ལ་
མཛད་པའི་རྒྱུར་གྱུར་ཅིག དེའི་སྐབས་སུ་བཤངས་སྟོན་རིགས་པའི་རལ་གྲི་དག་པའི་ཞིང་གཞན་དུ་གཤེགས་པའི་དགོངས་པའི་ཆ་དཀང་བ་དང་། སྐུ་གདུང་རིན་པོ་ཆེ་ཉིད་ཞུགས་ལ་བཞེན་པ་སོགས་བགྱི་བར་འོས་པའི་ཚོགས་ཀུན་ལེགས་པར་མཛད་པ་དབུ་ལེགས་གྲུབ་ཆེན་བསོད་ནམས་རྒྱལ་མཚན་ལས། སྔ་ཕྱིར་ཆོས་སྐྱོང་གི་སྐོར་གཙོ་བོར་གྱུར་པའི་ཆོས་ཀྱི་སྒོ་དུ་མ་ཡང་རྗེས་སུ་གསན། སྦྲུལ་ལོའི་དབྱར་ཅིག ཀུན་སྤངས་རིན་པོ་ཆེ་ལས་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་མན་ངག་སློབ་བཤད་ཡོངས་སུ་རྫོགས་པར་