R275: པཎྜི་ཏའི་རྣམ་པར་ཐར་པ་དད་པའི་གླང་པོ་སྐུལ་བའི་ལྕགས་ཀྱུ།

  • Pagination (Witness A): ༡༧ན
[A:༡༧ན]གསན་པས། འོད་གསལ་འགྲོ་འོང་མེད་པའི་དོན་མངོན་དུ་གྱུར་བ་སོགས་གྲུབ་པའི་མཚན་མ་མཐའ་ཡས་པས་རྒྱུད་ཡོངས་སུ་གང་ནས། སྙན་བརྒྱུད་བཞིས་ལེགས་པར་རྒྱས་ཐེབས་པའི་བཀའ་རྩལ་ཡང་བཞེས། རྣལ་འབྱོར་ཡང་བཞི་སོགས་འགའ་གསན་ཞིང་། མདོར་ན་ཆོས་ཀྱིས་འབྲེལ་བའི་བླ་མ་ལ་སངས་རྒྱས་དངོས་ཀྱི་དད་པ་ཆེན་པོས་དུས་རྒྱུན་ཆད་མེད་པར་འདའ་བར་མཛད་ལ་ཤཱཀྱ་དབང་མའི་མཇུག་གི དགེ་ལེགས་རྩ་བ་དཔལ་ལྡན་བླ་མ་ཀུན། རང་རང་འོར་ལོའི་མགོན་དང་དབྱེར་མེད་པའི། ལེགས་པར་རྟོགས་ནས་མཆོག་དང་ཐུན་མོང་གི དོན་ཀུན་སྒྲུབ་མཁས་ཁྱོད་ལ་ཕྱག་འཚལ་ལོ། ཞེས་པ་འདིར་མ་འདུས་པའི་ཆོས་ཀྱི་གནད་གཞན་མེད་ཅེས་ཡང་ཡང་གསུང་། དེས་ན་བདག་ཅག་གི་བླ་མ་རིན་པོ་ཆེ་འདི་ཉིད་ཕྱི་ཐོས་པ་རྒྱ་མཚོའི་དོན་ལ་དབང་འབྱོར་བར་ནི་དང་སང་གི་མདང་སྐྱེས་བྱིས་པ་ཚུན་གྱི་རྣ་བར་ཡང་གྲགས་པས་འདིར་མི་བརྗོད་ལ། ནང་དོན་གྲུབ་པའི་ས་བརྙེས་པའི་ཚུལ་ལྐོག་ན་མོ་རྣམས་ཟུར་ཙམ་སྨོས་ན། དེ་