R275: པཎྜི་ཏའི་རྣམ་པར་ཐར་པ་དད་པའི་གླང་པོ་སྐུལ་བའི་ལྕགས་ཀྱུ།

  • Pagination (Witness A): ༡༧བ
[A:༡༧བ]ཡང་སྔར་བཤད་པ་ལྟར། སྔོན་པཎ་ཆེན་ཆོས་རྗེ་ཉིད་ལས་རྣལ་འབྱོར་ཡན་ལག་དྲུག་པའི་ཁྲིད་གསན་དུས་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཟབ་མོས་ཐུགས་རྒྱུད་ཡོངས་སུ་གང་བའི་གསལ་
སྣང་
ཁྱད་པར་ཅན་དེ་ཉིད། ཕྱིས་རྟ་ནག་ཨུ་རྒྱན་རྫོང་དུ། དཔོན་དྲུང་སྐུ་སྐྱེ་བའི་སློབ་དཔོན་ལ་ཕེབས་དུས། བསད་ཤ་སོགས་གྲིབ་རྐྱེན་འགས་བར་སྐབས་སུ་འགྲིབས་པ་ལྟར་གྱུར་པ་ལས། ཀུན་སྤངས་རིན་པོ་ཆེས་ལམ་འགྲས་གནང་དུས་སླར་ཡང་སོར་ཆུད་ནས། དགོན་པའི་ཆ་ཤེས་ཀུན་ཡང་ཐོ་རངས་ཀྱི་ཆ་ལ་གསལ་བར་མཐོང་བ་ལན་འགའ་ཡར་བྱུང་ངོ་ཞེས་བདག་རང་ལ་དངོས་སུ་གསུངས་ཤིང་། འདི་ལ་ཡིད་ཆེས་ཀྱི་གཏན་ཚིགས་ཡོད་དེ་རྒྱས་པར་འབྲི་བར་མ་སྤོབས་སོ། གཞན་ཡང་། ནཻ་གུ་ཆོས་དྲུག་ནས་བཤད་པའི་རྨི་ལམ་གྱི་སྒོ་ནས་བྱང་ཤམ་བྷ་ལར་བྱོན་པར་ངེས་དེ། དུས་གཅིག་གི་ཚེ། ཇ་གྲལ་ཞིག་ཏུ་གསུང་གླེང་ཞིག་གི་འཕྲོས་ལ། བྱང་ཤམ་བྷ་ལའི་དཔལ་དུས་ཀྱི་འཁོར་ལོའི་ཕོ་བྲང་ལ་ནི་ངས་འདོམ་གྱིས་གཞལ་བས་ལྔ་