R275: པཎྜི་ཏའི་རྣམ་པར་ཐར་པ་དད་པའི་གླང་པོ་སྐུལ་བའི་ལྕགས་ཀྱུ།

  • Pagination (Witness A): ༡༨ན
[A:༡༨ན]བརྒྱ་ཙམ་བྱུང་གསུང་བའི་ཐོལ་བྱུང་དུ་གནང་བྱུང་བ་དང་། གཞན་ཡང་སྔ་མོའི་དུས་ཅིག་འགྲོང་སྒང་དུ་མཚན་བརྗོད་འབུམ་གཏེར་ཞིག་ལ་ཕེབས་དུས། དགེ་འདུན་བྱིན་མནལ་ལ་ལགས་སོང་། རྗེ་ཉིད་བཤགས་སྦྱང་གི་འཕྲོ་ཨེན་རེ་མ་ཚར་བར་ནུབ་བུར་མཛད་ཀྱིན་ཡོད་དུས། སྒོའི་གྱེང་རིས་ལ་དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་དེ་ཉིད་མེ་འོད་འབར་བའི་དབུས་ན་མངོན་སུམ་དུ་བཞུགས་པ་ཞིག་གསལ་བར་གཟིགས། ཕྱིས་ཁང་སར་བའི་ཁང་པར་ཡང་དེ་འདྲའི་སྣང་བ་གསལ་བོར་བྱུང་བས། རྗེ་བྲག་དམར་པ་ལ་ཡེ་ཤེས་མགོན་པོ་ཕྱག་བཞི་པའི་རྗེས་གནང་ཡང་ལེགས་པར་གསན་གསུང་། ཡང་བདག་དང་གསེར་མདོག་ཅན་དུ་ཡོང་དུས། ཁོང་གྲྭ་པ་ལྔ་པ་ཞིག་ལ། འབིར་སྲུངས་ཐུན་མོང་མ་ཡིན་པ་གནང་དུས། ཀུན་སྤངས་ཆོས་རྗེ་དངོས་སུ་བྱོན་བྱུང་གསུང་བ་བདག་དང་ཉེ་གནས་དོལ་ཆུང་གཉིས་ཀ་ལ་དངོས་སུ་གསུང་ངོ་། མདོར་ན་བདག་གི་འདྲིན་པ་དམ་པ་འདི་ནི་བདག་མེད་གཉིས་ཀྱི་དོན་དངོས་སུ་རྟོགས་པ་རྩིག་པ་དང་ར་