[A:༡༨བ]བ་ལ་ཐོགས་པ་མེད། འདིའི་ཚུལ་བདག་གི་གྲྭ་པ་གཉིས་ཙམ་གྱིས་ཀྱང་གསལ་བར་མཐོང་། ཉེ་གནས་བ་ལ་ཡང་ཡང་བྱུང་བའི་ལོ་རྒྱུས་འདུག་སྟེ་གསལ་བར་གྲི་བར་མ་སྤོབས་སོ། དེ་དག་ལ་འདི་སྐད་ཅེས། གང་ཁྱོད་བྱིས་པའི་དུས་ནས་འོད་གསལ་ཆ་མངོན་དུ་གྱུར་ན་ད་ལྟ་སྨོས་ཅི་འཚལ། འོན་ཀྱང་གཞན་ངོར་ཐོས་པའི་ཤེས་རབ་ཀྱིས། སྤྲོས་ཚོགས་སྲིད་པའི་བུད་ཤིང་སྲེག་པ་སྐད། གང་ཤར་ལྷ་དང་ཡེ་ཤེས་ངོར་གཟིགས་ནས། གཞན་དུ་ཅུང་ཟད་ཙམ་ལས་མི་གཟིགས་ཚུལ། སྣང་བྱུང་གཉིས་མེད་ཡེ་ཤེས་ཉིད་གྱུར་ན། གཉིས་སྣང་རྟོག་པའི་ལྷ་ཞལ་མཐོང་བས་ཅི། གདོད་མའི་འོད་གསལ་གཞི་ནས་མངོན་གྱུར་ན། འཕྲལ་དུ་རྐྱེན་གྱིས་སྒྲིབ་པའི་དྲང་དོན་ཅན། ཚུ་རོལ་སྐྱེ་བོའི་སེམས་ལ་རྗེས་ཆགས་ན། སྣ་ཚོགས་སྒྱུ་རོལ་རྩེད་མཛད་འདི་མཚར་དེ་ལྟར་མཁས་པ་དང་གྲུབ་པའི་བསྟི་
གནས་
ཆེན་པོར་གྱུར་པའི་ཚུལ་ལ་ཉེ་བར་དཔགས་ནས། ས་ཆེན་པོ་ལ་མངའ་མཛད་པ་རིགས་ལྡན་