R275: པཎྜི་ཏའི་རྣམ་པར་ཐར་པ་དད་པའི་གླང་པོ་སྐུལ་བའི་ལྕགས་ཀྱུ།

  • Pagination (Witness A): ༡༩ན
[A:༡༩ན]ཆོས་ཀྱི་རྒྱལ་པོར་ངག་དབང་རྣལ་འབྱོར་ཁྲུ་དབོན་བཀའི་བློན་འབངས་དང་བཅས་པས་སྒྱུ་མའི་ཕྲེང་བའི་རླབས་ལས་བསྐྲུན་པའི་མཆོག་ཏུ་ཕུལ་ཏུ་བྱུང་བའི་བསྟོད་བཀུར་བསྔགས་གསུམ་གྱི་བགྱི་བ་དང་བཅས་ནས། ཡབ་རྗེ་རྒྱལ་བ་མཆོག་གི་སེང་གེའི་ཁྲིར་བསྟི་བར་མཛད་ནས། དེ་ཡང་བཀའ་དྲིན་ཆེན་པོའི་ཁུར་བརྣག་ཅིང་བསབ་པར་དཀའ་བའི་དོན་ཉིད་ཐུགས་ལ་བཞག་ནས་འཆད་པའི་གྲྭར་སླར་འཇུག་པའི་ཐུགས་སྤོངས་པ་མཐའ་ཡས་པའི་སྤྲོ་བ་ལྟ་བུར་མཛད་དེ། ཇི་ལྟ་བའི་ལོག་སྒྲུབ་དག་ལ་བཟོད་པའི་གོ་ཆ་ལེགས་པར་བགོས་ནས། བྱ་རྒོད་ཕུང་པོའི་ཆོས་ཀྱི་ཁྲི་ག་ལ་བ་དེར་སྡེ་སྣོད་གསུམ་གྱི་ཆོས་ཀྱི་འོད་ཟེར་སངས་རྒྱས་དགོངས་པ་མྱ་ངན་ལས་འདས་པར་དགོངས་པ་ན་ཆོས་ཐམས་ཅད་ངེས་དོན་གཅིག་ཏུ་བསྡུས་ཏེ་བསྟན་པའི་ཚུལ་ལས་རྗེས་སུ་དགོངས་པའི་ཆོས་ཀྱི་རྣམ་གྲངས་དུ་མས་འཁོར་གྱི་ཐ་མ་དག་གི་རྒྱུད་ཡོངས་སུ་གང་བར་མཛད་དོ། དེའི་ཚེ་དབུ་ལེགས་གྲུབ་ཆེན་པས་ལུང་བསྟན་སོགས་