[A:༡༩བ]སྙན་སྐུལ་ཐུགས་ལས་བྱུང་བའི་ཞུ་འཕྲིན་གནང་བ་ལ་ཡང་། ཚུལ་སྣ་ཚོགས་སུ་གསལ་བར་གསུངས་ཏེ། ད་ནི་འཆད་ཉན་བོར་ནས་ལེགས་སུ་དགེ་སྦྱོར་སོགས་མི་སྒྲུབས་པར་འདུག སྔོན་གྱི་སྐྱེས་མཆོག་ཕྱ་བ་ཆོས་ཀྱི་སེང་གེ་དང་། བཅོམ་ལྡན་རིགས་རལ་སོགས་ཀྱང་ཆོས་ཁྲི་རང་གི་ཁར་གཤེགས་པ་ཡིན་ནོ་གསུང་བ་སོགས་མ་འོངས་པར་དགོངས་པའི་གསུང་ཐོལ་བྱུང་འགའ་ཡང་གནང་ངོ་། ཨེ་མ་སྐྱེས་བུ་དམ་པའི་མཛད་པའི་ཕུལ། ཆོས་ཕྲིར་སྲོག་གཏོང་འདི་འདྲ་ངོ་མཚར་རྨད། རང་ཉིད་ཞི་བའི་གླིང་ལ་མ་ཆགས་པའི་གཞན་དོན་སྲིད་ལ་དགོངས་པ་རྨད་དུ་བྱུང་། ཡང་ན་བདག་ཅག་གདུལ་བྱས་ཁྱོད་ཐུགས་ཀྱིས། ཆོས་ཉིད་སེམས་པའི་ལས་ལ་ཕྱིར་གཞོལ་བའི། ཁྱོད་ཐུགས་བས་ན་དག་པའི་ཞིང་གཞན་དུ། དགོངས་པ་བསྐྱོད་པར་མཛད་དམ་འདི་
ན་
ཅི། བརྩེ་ཆེན་བརྩེ་བའི་ངང་ཚུལ་རབ་བཏང་ནས། བརྩེ་ལྡན་བརྩེ་བའི་ངང་དུ་གཤེགས་ལགས་སམ། བརྩེ་མེད་བདུད་སྡེ་བརྩེ་བྲལ་བགྱི་བས་ཀྱང་། བརྩེ་