R275: པཎྜི་ཏའི་རྣམ་པར་ཐར་པ་དད་པའི་གླང་པོ་སྐུལ་བའི་ལྕགས་ཀྱུ།

  • Pagination (Witness A): ༢༠ན
[A:༢༠ན]བའི་དབང་ཕྱུག་ཁྱེད་ཐུགས་གཞན་པར་སེམས། སེམས་ཅན་ལས་ལ་སྤྱོད་ཚེ་སངས་རྒྱས་ཀྱང་། ཕན་མཛད་བདེན་པའི་འཕྲུལ་ཡང་རྫུན་དུ་མ། མ་དག་སྣང་གཞིར་འཆར་བའི་གཟུགས་ཀྱི་ཆ། འདི་ལ་ལེགས་ཉེས་དུ་མའི་སྣང་བ་བཀྲ། འདི་ལ་གཤེགས་དང་བཞུགས་པ་ཡོངས་མི་མངའ། གཤེགས་དང་བཞུགས་ཤེས་འཇིག་རྟེན་བླུན་པོས་བསྒྲགས། དམ་པའི་དོན་དུ་ཆོས་ཀྱང་ཉེ་བར་ཞི། འོན་ཀྱང་རྩོད་དུས་བསོད་ནམས་དམན་པ་དང་། དམ་པའི་དོན་ལ་སྤྱོད་པ་ཞན་པའི་ཕྱིར། འདས་པ་ཡིན་ཞེས་གདུང་བ་མི་བཟང་བསྐྱེད། དེ་ལྟར་གཞན་སྣང་དུ་བཅུ་དགུའི་ཉིན་ནས་བསྙུང་བའི་ཚུལ་བསྟན་ཞིང་། དེ་དག་གི་སྐབས་སུ་སྐུ་རིམ་སོགས་བགྱི་བའི་ཚོགས་ལ་ངལ་བ་མེད་པར་བསྒྲུབས་ཀྱང་། ཞིང་འདིའི་གདུལ་བྱའི་དོན་ཡོངས་སུ་རྫོགས་ཤིང་། བྱང་ཤམ་བྷ་ལར་ཡབ་རྗེ་དམ་པའི་དྲུང་དུ་གཤེགས་པའི་ཐུགས་འདུན་ཁྱད་པར་ཅན་གྱི་རྣམ་རོལ་དང་བཅས་ཏེ་གནམ་སྟོང་གི་ནུབ་རྗེ་ཉིད་དགུང་ལོ་དྲུག་བཅུ་རེ་ལྔའི་རྩེར་སོན་པ་ན་གཟུགས་སྐུའི་སྣང་བ་རེ་ཞིག་བསྡུས་ནས་