[A:༢༠བ]བདེ་ཆེན་ཆོས་སྐུའི་ངང་དུ་ངལ་གསོས་པར་གྱུར་ཏོ། ཀྱེ་མ་ཀྱེ་ཧུད་འཛམ་གླིང་བསྟན་པའི་རྗེ། གདུལ་བྱའི་དབང་གིས་ཉེ་བར་ནུབ་ཚུལ་བསྟན། བདག་མ་རིག་མུན་པའི་ཁང་བུར་བཅུག ཐུགས་རྗེའི་འོད་དཀར་སྣང་བ་ཅིས་མི་སྤྲོ། བཅུ་ཕྲག་དྲུག་དང་ལྔ་ཡིས་ལྷག་པའི་ལོར། ཡོངས་རྫོགས་བསྟན་པའི་ཁུར་ཆེན་ཉེར་བཟུང་བས། ཁྱོད་ཐུགས་ངལ་ནས་བདེ་ཆེན་ཆོས་ཀྱི་སྐུར་ཁྱབ་གདལ་ངལ་གསོའི་བསྟི་གནས་བརྟེན་ལགས་སམ། བདག་ཅག་ཁྱེད་ལ་འདུན་པའི་ཆོས་ཀྱི་བུ། ཇི་སྙེད་འདི་དག་ཕ་ཡིས་ཡལ་བོར་ནས། ཡབ་ཅིག་དམ་པ་དག་པའི་ཞིང་ལ་གཤེགས། སྣང་ཚུལ་འདི་ཉིད་ཇི་ལྟར་བགྱིས་ནས་ཁུར། མི་འདོད་ཁུར་དུ་ལེན་པའི་ལས་ངན་ཅན། སྐལ་ཆད་བུ་ལ་ཐུགས་རྗེའི་སྤྱན་གྱིས་གཟིགས། ཁྱོད་ལ་སེམས་པའི་གདུང་ཤུགས་ངུད་མོའི་སྒྲ། ཡབ་མཆོག་གང་ན་གཞུགས་ཀྱང་གསན་པའི་རིགས། ཨ་ན་འདི་འདྲའི་མི་བཟོད་དཔག་མེད་པ། ཡབ་ལས་གཞན་དུ་སུ་ཡི་དོན་དུ་