R275: པཎྜི་ཏའི་རྣམ་པར་ཐར་པ་དད་པའི་གླང་པོ་སྐུལ་བའི་ལྕགས་ཀྱུ།

  • Pagination (Witness A): ༢༡ན
[A:༢༡ན]ནུས། ཁྱེད་ཕྱིར་བགྱིས་པའི་སྡུག་བསྔལ་འདི་དག་ཀྱང་། སངས་རྒྱས་སྒྲུབ་པའི་ཐབས་མཆོག་ཉིད་དུ་གོ དེ་ནས་ཡར་ངོའི་ཚེས་བཞིའི་ཉི་དྲོས་ལ་འོད་གསལ་ཆོས་ཀྱི་སྐུ་ལས་ཉེ་བར་བཞེངས་ཏེ། སྐུ་གདུང་རིན་པོ་ཆེ་ཡང་བཀུར་སྟིའི་བགྱི་བ་མཐའ་དག་གིས་མཆོད་ཅིང་། ཐུགས་སྲས་སྡེ་སྣོད་འཛིན་པའི་ཚོགས་ཆེས་མཆོག་ཏུ་གྱུར་པ་དག་གིས། དཔལ་དགེས་པ་རྡོ་རྗེའི་བསྒྲུབ་པའི་མཆོད་པ་རྒྱུན་ལྡན་དུ་ཕུལ་ཏེ། ཚེས་བཅུའི་ནུབ། ཆོས་རྗེ་གཙུག་གི་ནོར་བུས་གཙོ་མཛད་རྣམས་ཀྱིས། སྐུ་གདུང་རིན་པོ་ཆེ་ཞུགས་ལ་ཞེན་ནས་སླར་མཆོད་འབུལ་དུ་བགྱིས་ཏེ་ཆོས་སྐུའི་རང་བཞིན་དུ་བསྒྲུབས། སྟོན་པའི་སྐུ་དང་རྗེ་ཉིད་ཀྱི་སྐུ་འདྲ་སོགས་གསེར་ཟངས་ལས་བསྒྲུབས་པའི་ནང་དུ་བཞུགས་སུ་གསོལ་ཏེ། རབ་གནས་བཟང་པོའི་བཀྲ་ཤེས་བྱིན་ཕབ་ནས། དད་ལྡན་ཀུན་གྱི་མཆོད་པའི་རྟེན་དུ་བཞུགས་སོ། ཕྱོགས་འདིར་ཡང་གདུལ་བྱ་ལས་དག་པའི་ལག་ཏུ་སྐུ་གདུང་རིང་བསྲེལ་གྱི་གོང་བུ་ཅན་