[A:༣ན]གྱུར་པ། ཤིང་རྩེ་ནགས་ཚལ་དུ་མས་ཕྱོགས་དང་ཕྱོགས་མཚམས་ཀུན་དུ་བརྒྱན་པའི་གནས་དབེན་
ཞིང་
ཉམས་དགའ་བ་གྲུབ་པའི་སྨན་ལྗོངས་དག་དང་མཚུངས་བ་ཞིག་ཏུ། ཡབ་སྨོན་ཐང་རྒྱལ་པོའི་ནང་གཉེར་དུ་གྱུར་པ་ཤིན་ཏུ་བློ་གྲོས་གསལ་ཞིང་། དབང་པོའི་སྒོ་གཙང་བ། འཇམ་ཞིང་ངེས་པའི་སྤྱོད་ཚུལ་འཆང་བ་ཞིག་དང་། ཡུམ་རྗེ་བཙུན་མར་པའི་བུ་བཞིའི་ནང་ནས་མཆོག་ཏུ་གྱུར་པ། བཤད་པའི་བཀའ་བབས་རྔོག་སྟོན་ཀྱི་ཆོས་རྡོར་གྱི་དབོན་རིགས་གསང་སྔགས་རྙིང་མའི་བསྒྲུབ་རྒྱུད་འཛིན་པ། བླ་མ་ཆོས་འཁོར་བ་ཆོས་དཔལ་རྒྱ་མཚོའི་ལྕམ་དུ་གྱུར་པ་རྨ་གཡང་ཟས་ཀྱི་མཁའ་འགྲོ་མ་ཞིག་གི་སྲས་སུ་ཉི་མ་ཞེས་པ་ཆུ་མོ་ལུག་གི་ལོ་ལ་སྐུ་འཁྲུངས། དེའི་ཚེ་སྟོང་ཆེན་འདུལ་གྲྭའི་ཉེར་འཛིན་ཟུར་སློབ་ཏུ་གྱུར་པའི་སློབ་དཔོན་ཆེན་པོར་རྒྱལ་མཚན་གྲུབ་ཅེས་པའི་དགེ་བའི་བཤེས་གཉེན་ཅིག་གིས་ཛེ་ཏཱ་རིའི་ལུགས་ཀྱི་ཚེ་དཔག་ཏུ་མེད་པ་ལྷ་དགུའི་དཀྱིལ་འཁོར་དུ་དབང་ལན་མང་དུ་བསྐུར་ཞིང་། དེའི་དུག་རྗེ་འདི་ཉིད་དོན་དམ་འོད་གསལ་གྱི་ཆ་ཀུན་རྫོབ་རྙོག་པའི་རྟོག་ཚོགས་གང་གིས་ཀྱང་མ་བསྒྲིབས་པར་ཧྲིག་གེ་