[A:༣བ]ཡེར་རེ་མངོན་དུ་དགོངས་པས། ནམ་མནལ་མཛད་དུས་སྤྱན་མི་འཛུམས་པར་ཧ་རེ་འབྱུང་ན་ལས། བླ་མ་དེས་ཀྱང་འདི་ཉིད་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལ་བགྱི་བ་བྱེད་པའི་སྐྱེས་ཆེན་དམ་པ་ཞིག་འབྱོན་པས། བར་ཆད་ཀྱི་དབང་དུ་མ་སོང་བའི་སྐུ་རིམ་གྱིས། བུའི་མིང་ལ་བློ་གྲོས་དཔལ་གྱི་རྒྱ་མཚོར་ཐོགས་གསུང་ནས། རྗེ་འདིའི་མཚན་ཡང་དེ་ལྟར་དུ་གྲགས་སོ། འདི་ལ་འཐད་པ་བཟོང་མཐོང་སྟེ། སྔོན་ཆོས་རྗེ་ས་སྐྱ་པཎ་ཆེན་ཧོར་རྒྱལ་པོས་སྤྱན་དྲངས་ནས་བྱོན་པའི་དུས་སུ། ཆོས་རྒྱལ་འཕགས་པ་སྐུ་མཆེད་གཉིས་ཀྱང་སྐུ་ནས་གཞོན་ནུར་གྱུར་ཞིག་ཕྱག་ཕྱིར་ཁྲིད་བྱོན་པ་ལས། དེ་དུས་སུ་རྒྱལ་བ་ཡང་དགོན་པས་ས་སྐྱ་པཎ་ཆེན་ལ། བླ་མ་རིན་པོ་ཆེན་ནི་ཧོར་ཡུལ་ལ་འབྱོན་པར་འདུག་བདག་བུ་སློབ་ཀུན་ལ་རྗེས་སུ་མོས་གུས་ཀྱི་རྟེན་དཔོན་པོ་འདི་བགྱིད་དགོས་པར་གདའ་སྟེ། འདི་ལ་ཡོན་ཏན་གྱི་ཁྱད་པར་ཅི་མངའ། ཡིད་བརྟན་ཐུབ་ཡོད་ལགས་སམ་ཞུས་པས། ཆོས་རྗེ་ས་པཎ་གྱིས་འཕགས་པ་རྦོད་ཅིག་ལ་དབུ་སྔས་མཛད་ནས་མནལ་བ་དེ་རྒྱལ་བ་ཡང་དགོན་པ་ལ་བསྟན་