R275: པཎྜི་ཏའི་རྣམ་པར་ཐར་པ་དད་པའི་གླང་པོ་སྐུལ་བའི་ལྕགས་ཀྱུ།

  • Pagination (Witness A): ༤བ
[A:༤བ]སངས་རྒྱས་གཉིས་པ་དབྱིག་གཉེན་འཕགས་ཡུལ་ནས། གངས་རིའི་ལྗོངས་འདིར་ཅི་སླད་དོན་དུ་བྱོན། ས་སྟེང་ཀུན་དུ་མཁྱེན་པའི་སྤྱན་རས་ཀྱིས། ཉེ་བར་གཟིགས་ཀྱང་བདག་ལས་དམན་པ་འགའ། མ་གཟིགས་བདག་ཉིད་ཁོ་ནའི་ཚད་སླད་དུ། བསམས་བཞིན་སྐྱེ་བ་བཞེས་
པ་
ལགས་པར་ཁུམས། བོན་ཀྱང་འཛམ་གླིང་ས་ཡི་ཐིག་ལེ་རྣམས། བཀའ་དྲིན་ཁུར་དུ་ལེན་པའི་ཚོགས་ཀྱིས་གང་། དེ་ཕྱིར་བདག་ཉིད་གཅིག་པའི་དོན་དུ་ཡང་། མ་ལགས་ཀུན་གྱི་མགོན་དུ་ཁྱོད་བྱོན་ཏོ། སྲིད་པའི་འཆིང་བ་སྒྱུ་མ་ལྟ་བུ་དང་། རང་དོན་འབྲས་མེད་ཆུ་ཤིང་བཞིན་དུ་གཟིགས། ཀ་དག་ལྷུན་གྱིས་གྲུབ་པའི་རང་འགྲོས་ཉིད། རྩོལ་མེད་སྒོམ་དུ་ཤར་བའི་རྣལ་བྱོར་ཆེ། རང་བཞིན་གདོད་མའི་འོད་གསལ་མངོན་གྱུར་པས། ཇི་སྙེད་སྤྲོས་པའི་ཚོགས་ཀུན་ཉེ་བར་ཞི། གཉུག་མའི་ངང་ལ་ལྷན་ནེ་མ་ཡེངས་པ། འགྱུར་མེད་བདེ་ལ་བྱིས་པའི་དུས་སུ་བཞུགས། ཨེ་མ་འདི་ནི་བྱིས་པའི་དུས་ཉིད་ནས། འདི་ལྟར་ཆོས་ཉིད་ངོ་བོ་མངོན་གྱུར་ཀྱང་། ད་དུང་ལམ་