R275: པཎྜི་ཏའི་རྣམ་པར་ཐར་པ་དད་པའི་གླང་པོ་སྐུལ་བའི་ལྕགས་ཀྱུ།

  • Pagination (Witness A): ༤ན
[A:༤ན]ནས། དེའི་ཚེ་འཕགས་པ་སྤྱན་གདངས་ནས་མནལ་མཛད་ཡོད་པ་ལས། འདི་འོད་གསལ་ཟིན་པའི་རྟགས་ལགས། ངེད་ཀྱི་མི་བརྒྱུད་ཁུངས་
མ་
རྣམས་ལ་གཞོན་ནུ་ནས་འདི་ལྟར་འོད་གསལ་ལེགས་པར་ཟིན་པ་ལགས་ཀྱིས་གསུངས། ཞེས་འབྱུང་བ་དང་དོན་ཅིག་པས་ཡིད་ཆེས་པའི་གནས་སུ་གྱུར་པ་ཡིན་ལ། དོན་འདི་ལ་དགོངས་ནས། རྗེ་རང་ཉིད་ཀྱིས་ཀྱང་། དོན་དམ་འོད་གསལ་གདོད་ནས་ཡོད་པར་གཟིགས་ཤེས་གསུང་ངོ་། དེ་དག་ལ་འདི་སྐད་ཅེས་བྱ་སྟེ། གངས་རི་དཔལ་དང་ལྡན་པ་ཁ་བའི་རི། བསིལ་ལ་མཛས་པ་ལྷ་ཡི་གཞལ་མེད་ཁང་། འདོད་དགུའི་འབྱུང་གནས་མངའ་རིས་འཛིན་མའི་ཁྱོན། ཡིད་བཞིན་ནོར་བུ་དུ་མའི་འབྱུང་གནས་ཡིན། ཁྱད་པར་བདག་གི་འདྲིན་མཆོག་མཁས་པའི་རྗེ། བསམས་བཞིན་འགྲོ་བའི་དོན་ལ་ལེགས་པར་བྱོན། དུས་མཐར་ཐུབ་པའི་དབང་པོ་སླར་བྱོན་པ། སྙིགས་མའི་དུས་ལ་སོམ་ཉི་ཅུང་ཟད་གྱུར། འཁྲུངས་ཚེ་ལྟས་བཟང་བྱི་བའི་འོད་ཕུང་འཁྲིར། བཀྲ་ཤིས་དགེ་མཚན་ཡར་ངོའི་ཟླ་ལ་འགྲན་