[A:༣༥༨]སྤྱོད་རིམ། དཀོན་མཆོག་གསོལ་འདེབས་ཆགས་མི་རུང༌། །ཚེ་གཅིག་གིས་སངས་རྒྱས་མ་བྱུང་ཞིང༌། །ཚེ་འདི་ལ་ཕན་འདོགས་མ་བྱུང་ནའང༌། །ནང་པར་དང་གང་ཉེ་ཆ་མེད་པའི། །ཕྱི་མ་ནས་ཕན་ཐོགས་གྲུབ་ཐོབ་འོང༌། །ཕན་འདོགས་དང་གྲུབ་ཐོབ་ཀྱང་ཉེ་མོ་ཡིན། །ད་གང་ལྟར་བྱས་ཀྱང་བདེ་བ་ཡིན། །སུ་ལའང་སྨོན་རྒྱུ་མེད་པ་ཡིན། །ད་ལྟ་ཉིད་དུ་ཤི་ན་ཡང༌། །སེམས་གཏིང་ན་ལྷག་མ་མི་འདུག་གོ །ཉམ་ཆུང་དབུལ་པོའི་བུ་རུ་སྐྱེས། །གཟུགས་ངན་མི་རྗེས་མི་སྙགས་པའི། །གོ་གྱོན་གཞན་ཚེ་འདི་ལ་ཡང༌། །མི་རེ་བསམ་པ་གཞན་དོན་ལ། །སྦྱོར་བ་རང་མགོ་འདོན་བསམ་ནའང༌། །ཚེ་སྔོན་ལས་ཀྱིས་འཕེན་པ་ཡིས། །ནོར་མེད་སློབ་འཁོར་འདུ་བ་དང༌། །སློབ་འཁོར་དམ་ཚིག་བསྲུང་བ་དང༌། །ཕ་མའི་གཡོག་ལས་ཐོན་ཕྱིན་ཆད། །དཔོན་མིན་གཡོག་ལས་མ་བབ་ཅིང༌། །ཀུན་ལ་དྲག་འཇུན་གྱིས་ཡར་འདྲེན་བྱས། །ཐོག་མར་བློ་གསལ་བྱིས་པའི་ཚོགས། །བརྒྱ་ནས་གཅིག་བཅུ་ཡན་ཆད་ལ། །ཕ་དང་ཕུ་བོས་མ་བསྐྱང་ཚེ། །སྨྲ་སྒོ་དཀར་གླིང་བདེ་བླག་དང༌། །རྟགས་འཇུག་སུམ་ཅུ་པ་དང་ཡི་གེའི་མདོ། །འགྲེལ་པ་སྡེབ་སྦྱོར་རིན་ཆེན་འབྱུང་གནས་དང༌། །ཕྲད་ཀྱི་གནད་དང་དེ་དག་འགྲེལ་པ་སོགས། །དུ་མས་ཀློག་དང་སྒྲ་ཡི་བསྟན་བཅོས་དང༌། །དགེ་སྡིག་རྒྱུ་འབྲས་ཆོས་བཤད་པས། །བསྟན་ལ་འཇུག་པའང་ཅི་རིགས་བྱུང༌། །བུད་མེད་བྱིས་པ་སྐྱེ་བོ་ཚོགས་པའི་སར། །མདོ་སྡེར་གསུངས་པའི་མི་དགེ་བཅུ་པོ་དང༌། །ཁྱད་པར་འདོད་ལོག་གཡེམ་བརླག་བྱ་ལོ་དང༌། །ཁྱིས་འབྱིན་སྐམ་པས་འབྱིན་སོགས་གཏམ་རྒྱུད་ཀྱིས། །ངོ་ཚ་སྐྱུག་བྲོ་ངོ་མཚར་ཆོས་མིན་ཞེས། །མི་དགེ་འཛེམ་ཞིང་དགེ་ལ་སྤྲོ་བ་དང༌། །སྦྱིན་གཏོང་སེམས་བསྐྱེད་བསྙེན་གནས་བསྲུང་བའང་འོང༌། །བདག་ཁྲིམས་འགལ་ན་རྟག་འཆུན་ཚར་བཅད་བྱས། །ཐབས་གཞན་མི་འཚོལ་རམ་འདའ་མཆི་མ་འབོད། །ཉམ་ཆུང་འཇམ་ཆོས་དབེན་དབོན་ཕྱུག་པོའི་བུ། །དྲག་པོས་འདུལ་བ་ཁོ་བོས་རང་སྤྱོད་ཡིན། །དེ་ལྟས་དགེ་སློང་དགེ་བཤེས་བློས་བཏང་གི །ཆོས་བྱེད་བསྔོ་བགྲང་