[A:༣༤༨]ཐོན་པའི་བརྒྱ་ཚར་རེ་ལ་ཕྱུགས་ཆེ་འབྲིང་གསུམ་གསུམ། འཕྲལ་གྱི་ཟ་ལྷག་དང་བཅས་པ་སང་ཕོད་ལོ་དུས་སུ་སྒོ་རྩར་སྐྱེལ་བ་བྱས་འདུག་པས། ཡོན་བདག་བཟང་པོ་རྙེད་ཡོད་པས། ཆོས་བྱེད་པ་ལ་ཡང་བརྒྱགས་དགོས་པས་ད་ལོ་སོང༌། སང་ཕོད་ཆོས་བྱེད་དུ་འཇུག་ཟེར། ཐབས་མེད། བཙུན་པ་བྱེད་པའི་མཁན་པོའི་རྗེས་སུ་འབྲངས་ནས་སྡོམ་པ་བླངས་ལ་བསྲུང་སྙམ། ཆོས་གོས་ཤམ་ཐབས་བྲང་ཁང་སྟོང་པ་ཅིག་ཏུ་བཟོ་བོ་བཅུག་ནས་སྒོ་བསྡམས་ལྐོག་ཏུ་སོང་ནས་ཚར་བ་དང་ཤམ་ཐབས་བསྒྲིགས་ནས་ཚད་ཙ་ན་ཕ་བྱུང་ནས། འདི་ཚོ་ཕུང་རྫས་གཅིག་པུ་བྱེད་པ་ཟེར། ཁ་རོག་བསྡད། ཡུད་ཙམ་ན་སོང༌། དེའི་བར་དུ་ཕ་མ་ཅན་དུ་ཡེ་མ་ཕྱིན་པས། སང་ཤོག་ཟེར་ཕྱིན་པས་ཁྲོས་ནས་ཅི་ཡང་མི་ཟེར། ཡུད་ཙམ་བསྡད་ནས་འགྲོ་རྩིས་བྱས་པས། ཁྱོད་ཅི་གྱོན་པ་ཡིན་ཟེར། གཞན་གྱོན་པ་མེད། ན་ཉིང་ལོ་དགུ་ནས་བཙུན་པ་བྱེད་འདོད་དེ། ཕྱི་དུས་ཁོ་ན་ལ་འདས་པ་ཡིན། ད་ཁྱེད་ལ་དབང་བྱུང་ན་འདིར་བྱེད་པ་ཡིན་པ་ལ། ཁྱེད་ཀྱིས་གྲོགས་མི་བྱེད་པའི་ལུགས་ལ། མཁན་པོའི་ཆག་ཕྱིར་འབྲངས་ནས་ཕྱག་རྟེན་གང་འབྱོར་ཅིག་བཏང་ལ། ལམ་ཀ་གཅིག་ཏུ་སྡོམ་པ་བླངས་ལ་བསྲུང་བསམས་བྱས་པས། ཨ་ཁ་བའི་མི་ཤིང་ཁམས་པ་འདི་ཟེར་ཅུང་ཟད་འཐབ། དེ་རྗེས་ད་ཅིས་ཀྱང་མི་ཉན་ན་འདི་ན་བླ་མ་བཟང་པོ་འདི་འདྲ་བ་ཡོད་པ་ལ། ཡ་ཅིག་མ་ཞུས་ན་མི་མཉེས་སུ་འོང་པས་འདིར་གྱིས་ཟེར། འོ་ན་ང་ཡང་དེ་ཀ་འདོད་ལགས་བྱས། རིན་པོ་ཆེ་བའི་གོང་དུ་དེ་དུས་ས་སྐྱའི་ཆོས་དང་འདུན་མ་ཤར་བས་བསྒྱུར་བས། སྲེག་ཤིང་ནང་པ་དང༌། བླ་མ་ཤར་པས་སྔོན་ལ་གདན་དྲངས། ནང་པ་དང་ཉེ་འབྲེལ་ཀུན་ན་རེ། ཤར་པ་ལ་མཁན་པོ་ཞུས་ཟེར། སེམས་ལ་ཁྲོ་ཕུ་རིན་པོ་ཆེ་འདོད་ཀྱང་གེགས་བྱུང་དོགས་ནས། སེམས་དཔའ་ཆེན་པོ་དོན་གྱི་སླད་དུ་མཚན་ནས་སྨོས་ན། ཀུན་དགའ་སེང་གེ་ལ་མཁན་པོ་ཞུས། སྲེག་ཤིང་མཁན་པོ་ལ་སློབ་དཔོན་ཞུས། དགེ་ཚུལ་གྱི་སྡོམ་པ་རྟ་ལོ་རྟའི་ཟླ་བའི་ཡར་ངོའི་ཚེས་བཅུ་ལ་ཐོབ། འདོད་པ་འགྲུབ། སྤྲོ་དགའ་སྐྱེས། ཀག་ཆེན་ལས་ཐར་པའི་སྐབས་སོ། །སློབ་དཔོན་འདུལ་