[A:༩༤ན][...]Colophon, ff. 94a2-95a6
Verses written by Kun dga' rnam rgyal, ff. 94a2-94b7
ཨོཾ་སྭ་སྟི་བི་ཛ་ཡནྟུ་༎
མཁྱེན་སྤྱན་རབ་ཡངས་གཞན་ལ་ཕན་དགོངས་ཆོས་ཀུན་གཟིགས་ལ་སྒྲིབ་པ་དང་བྲལ་ཡེ་ཤེས་མངའ༎
མཁའ་ལྟར་རྣམ་དག་ཉེར་ཞིའི་ཐུགས་དང་འགྲོ་བ་ཀུན་ལ་དགོས་འདོད་འབྱུང་བའི་ཕྲིན་ལས་ཅན༎
རྟག་ཏུ་བདུད་དང་སྨྲ་བ་ངན་པའི་དཔུང་འཇོམས་འཇིག་རྟེན་སྤྱོད་པ་དག་ལས་རྣམ་གྲོལ་བ༎
རྒྱལ་བ་ཀུན་གྱིས་སྲས་ཀྱི་ཐུ་བོ་ས་སྐྱ་པ་ཞེས་སྲིད་ན་གྲགས་པ་གསལ་དེ་རྒྱལ༎
ཟབ་གསལ་ཡེ་ཤེས་གཅིག་གྱུར་སྐུ༎
འཇམ་པའི་དབྱངས་ཀྱི་ངོ་བོ་ཉིད༎
རྡོ་རྗེ་འཛིན་པའི་སྐུར་བསྟན་པ༎
གྲགས་པ་རྒྱལ་མཚན་བློ་མཚོ་ནི༎
རྒྱ་ཆེ་ཤིན་ཏུ་ཟབ་མོའི་གནས༎
གང་ལས་གཞུང་ལུགས་དཔག་བསམ་ཆེ༎
ཆུ་ཡི་གཏེར་ལས་བདུད་རྩི་བཞིན༎
སྲིད་པ་ཞི་བའི་སླད་དུ་འཁྲུངས༎
འདི་ནི་རྒྱལ་བ་ཐམས་ཅད་ཀྱི༎
གསུང་གི་བཅུད་སྡུས་སྙིང་པོའི་གཏེར༎
ལམ་མཆོག་རྣམ་བཞག་སྐྱེད་ཚུལ་དུ༎
ཟུང་འཇུག་དགའ་བར་རྩེ་བའི་སྒོ༎
སྟོང་ཕྲག་རིགས་པའི་འཁྲུལ་འཁོར་གྱིས༎
ལོག་སྨྲའི་སྙིང་ལ་བཅོད་པའི་མཚོན༎
གྲུབ་རིག་ཀུན་མཁྱེན་རལ་པའི་རྩེ༎
གཅིག་ཏུ་མཛེས་བྱེད་འོད་དཀར་ཅན༎
ཨེ་མའོ་རྨད་དུ་བྱུང་བའི་གཞུང་༎
མཁས་པའི་མགྲིན་མཛེས་དོ་ཤལ་མཆོག།
བདུད་རྩིའི་སྣང་བྱེད་འདི་མཐོང་ནས༎
ཚུལ་དང་ཚུལ་མིན་རྟོགས་པའི་བློ༎
ཡང་དག་ལམ་དུ་འཇུག་པ་ཡང༎
རྣམ་དག་དགེ་བའི་བཤེས་ཀྱི་དྲིན༎
དེ་སླད་དངོས་པོ་ཐམས་ཅད་ཀྱིས༎
བསོད་ནམས་ཡེ་ཤེས་རབ་རྫོགས་ཤིང༎
བཟང་པོའི་ཕྲིན་ལས་མི་ཕྲོགས་པ༎
བཤེས་སྙེན་མཆོག་དེར་སྙིང་ནས་འདུད༎
བདུད་ཀྱིས་བསླུས་པ་ཕལ་མོ་ཆེ༎
རིགས་དང་རིགས་མིན་མི་དཔྱོད་པར༎
བླུན་པོས་སྦྱར་བའི་གཞུང་བཟུང་ནས༎
གྲུབ་པའི་རིང་ལུགས་རྩྭ་བཞིན་འདོར༎
ཁ་ཚོམས་རྟོག་པའི་ཕྲེང་བ་ལ༎
འབད་བའི་བསམ་གཏན་རྩེ་གཅིག་པ༎
ས་འདིར་ལྷག་སྤྱོད་གཞན་པ་བཞིན༎
རྨོངས་ལས་གཞན་པའི་