R31: རྒྱལ་བ་བྲག་ཕུག་པའི་རྣམ་ཐར།

  • Pagination (Witness A): ༣༦༩
[A:༣༦༩] Full ordination from mKhan chen Grags gzhon nu དེ་ནས་ཡོངས་སུ་འཛིན་པ་ཆེན་པོ་མཁན་ཆེན་གྲགས་གཞོན་པ་ལས་བསྙེན་པར་རྫོགས་ཤིང་དེ་ཉིད་ལས་འདུལ་བའི་ཆོས་ཀྱང་མང་དུ་གསན། གཞན་ཡང་བླ་མ་ལོ་ཙཱ་བ་མཆོག་ལྡནདགའ་ལྡན་པ་ཀུན་བསོད། །ས་མཆེར་བ་མཁས་བཙུན་གཞོན་ནུ་གྲུབ། །སྲུ་ལུང་པ་ཀུན་སྨོན་ལ་སོགས་པ་དགེ་བའི་བཤེས་གཉེན་མཁས་གྲུབ་དམ་པ་རྣམས་ལས་མདོ་སྡེ་དང་རྒྱུད་སྡེ་དྲི་མ་མེད་པ་རྣམས་དང༌། དེ་དག་གི་དགོངས་པ་འགྲེལ་པའི་བསྟན་བཅོས་ཆེན་པོ་རྣམས་ཀྱི་ལུང་དང༌། བཤད་པའི་བཀའ་རྡོ་རྗེ་ཐེག་པའི་དབང༌། བྱིན་རླབས། རིག་གཏད་ལ་སོགས་པ་མདོ་སྔགས་ཀྱི་ཆོས་བོད་དུ་འགྱུར་བ་ཕལ་ཆེ་བ་གསན་ཅིང༌། ཁྱད་པར་དུ་བླ་མ་དགའ་ལྡན་པ་བཀྲ་ཤིས་དཔལ་ལས་དཔལ་ཀྱེ་རྡོ་རྗེའི་རྒྱུད་གསུམ་འགྲེལ་པ་དང་བཅས་པ་གསན་ཅིང་ཐུགས་སུ་ཆུད་པར་མཛད་དེ། གདན་ས་ཆེན་པོ་དཔལ་ལྡན་ས་སྐྱར་འཆད་ཉན་གྱི་སྒོ་ནས་ཀྱང་བསྟན་པ་དང་སེམས་ཅན་ལ་ཕན་པ་རྒྱ་ཆེན་པོ་མཛད་དོ། Teachings from Nyan chen pa །དེ་ནས་མངོན་པར་ཤེས་པ་དང༌། རྫུ་འཕྲུལ་དང་ཏིང་ངེ་འཛིན་དུ་མ་ལ་མངའ་བརྙེས་པའི་ཆོས་རྗེ་ཉན་ཆེན་པ་ལས། བཅོམ་ལྡན་འདས་བདེ་མཆོག །ཀྱེ་རྡོ་རྗེ། རྡོ་རྗེ་རྣལ་འབྱོར་མའི་དབང་དང་བྱིན་རླབས། གསུང་ངག་རིན་པོ་ཆེ་ལམ་སྐོར་དང་བཅས་པ་དང༌། ཐུན་མོང་མ་ཡིན་པའི་བླ་མའི་རྣལ་འབྱོར། རྟེན་འབྲེལ་སྙིང་པོ། ཞི་བྱེད་དོན་རྒྱུད་ལ་སོགས་པའི་མན་ངག་མང་པོ་ཞུས། ཏིང་ངེ་འཛིན་བསམ་གྱིས་མི་ཁྱབ་པ་ཡང་འཁྲུངས་ཤིང་སྒྲུབ་པ་སྙིང་པོར་མཛད་པར་བཞེད། ཤངས་ཀྱི་རི་ཁྲོད་ཅིག་ལ་གཤེགས་པར་དགོངས་ཏེ་ཡུམ་ལ་འཇལ་དུ་བྱོན། དྲིལ་བུ་པའི་དབང་བསྐུར་ཅིག་མཛད་དེ་འཁྱག་གཞིར་གཟིམས་པའི་མནལ་ལམ་དུ། དགེ་སློང་དར་ཡོལ་བ་ཅིག་ན་རེ། དང་པོ་བླ་མ་ཞང་པ་གསུངས་པ་བཞིན་འོ་སྐོལ་རང་བྲག་ཕུག་ཏུ་ཕྱིན་པ་དྲག་ལགས་སོ་ཟེར་བ་ཅིག་བྱུང༌། སད་པ་དང་ཤངས་སུ་གཤེགས་པའི་འདུན་པ་དེ་འགྱུར། སྔོན་བླ་མས་ལུང་བསྟན་པ་ཡང་དྲན་ཞིང༌། བྱིན་གྱིས་བརླབས་པའི་གནས་མཆོག་ན་བཟའ་བྲག་