R32: རི་ཁྲོད་པ་ཆེན་པོ་བློ་གྲོས་བརྟན་པའི་རྣམ་ཐར།

  • Pagination (Witness A): ༣༧༩
[A:༣༧༩]ལ་སྦྱོར་བ་ཡན་ལག་དྲུག་པ་འདི་ལ་ཚེ་གཅིག་ལུས་གཅིག་ལ་གྲུབ་པ་ཐོབ་པ་ཅིག་བྱ་དགོས་སྙམ་པས་སྤྲོས་པ་ཐམས་ཅད་བཅད་ནས་ཉིན་མཚན་རྩེ་གཅིག་ཏུ་བརྩོན་འགྲུས་དྲག་པོས་ཐུགས་དམ་མཛད་དེ། ཏིང་ངེའཛིན་དང་རྟོག་པ་བསམ་གྱིས་མི་ཁྱབ་པ་འཁྲུངས། ཆོས་བྱས་ལོ་དང་སྐྱིད་ཆོས་ལ་སོགས་ཀྱི་རྟོག་པ་ཡེ་མ་བྱུང་གསུངས། དཔེ་ཆ་ལྷ་རྟེན་ལ་སོགས་འཕྲལ་གྱི་དགོས་ཆ་ཐ་ན་རྫ་ཁྲུ་ཚུན་ཆད་ཀྱང་ཅི་ཡང་མེད་ནའང༌། སྒྲུབ་བློ་ཅིག་ཀྱང་མེད་དེ། ཅིས་ཀྱང་དགོས་མེད་ཀྱི་ཞེན་ལོག་ཐུགས་ལ་འཁྲུངས་པས་ཤིན་ཏུ་བདེ་གསུངས། དེ་ཡང་ས་སྐྱ་ནས་བྱོན་དུས་ཀྱི་མཚན་ཉིད་པའི་ལུགས་ཀྱི་ན་བཟའ་ལུས་གང་གཅིག་མ་གཏོགས་པ་ཅིའང་མེད། བཞུགས་གདན་ཡང་འཇག་མ་འདྲ་ལ་བྱས། སྤྱིལ་པོ་སྟོང་པ་དེར་གཞན་གྱིས་བསྡད་པའི་ཤུལ་ན་གཅིན་སྐྱན་ཁ་ཆག་ཅིག་འདུག་པས་ཆུ་རྫེའུ། ཐུག་པ་གཡོ་བསྐོལ། གསང་ཆབ་ཀྱི་སྣོད་ཐམས་ཅད་དེ་ཀ་ལས་བྱས་ཏེ། ང་ལ་རྫུ་འཕྲུལ་འདྲ་ཡང་དགོས་པ་འདུག་སྟེ་མནོ་བའི་རྟོག་པ་ཡང་མ་བྱུང་གསུངས། འཚོ་བ་ནི་བླ་བྲང་ནས་བྱ་བྲལ་བ་རྣམས་ལ་ཟླ་བ་རེ་ལ་ནས་ཁལ་རེ་བྲེ་ལྔ་རེ་གནང་གིན་ཡོད་པས་ཟླ་བར་ཁལ་གཅིག་དེ་ཀ་བླངས་ཀྱིན་ཅོང་ཞི་ལ་སོགས་དཀའ་ཐུབ་ལ་བརྟེན་ཏེ་མཛད། ཐུགས་ཐག་ཤིན་ཏུ་ཆོད་པས་སྤྱིར་དུ་ཐུགས་དམ་འཕེལ་ཞིང་སྐྱིད་པའི་སྣང་བ་བྱུང་ན་ཡང༌། མཐུན་རྐྱེན་ཆེད་ཆེར་མ་བཟུང་བ་དང༌། ཐུགས་དམ་ལ་འཇུག་དྲག་པས་སྐུ་ཁམས་ཀྱིས་མ་ལྕོགས་པར་ཐུགས་དམ་གྱི་གེགས་སུ་གྱུར་པ་ཅུང་ཟད་བྱུང་བས། དུས་ཕྱིས་དགེ་སྦྱོར་བ་རྣམས་ལ་འཕྲལ་དགོས་བདུད་རྩི་ཡིན་པས་བསྟེན་པར་བྱ་སྟེ། ཁམས་གསོས་ལ་དགེ་སྦྱོར་བྱེད་དགོས་པ་ཡིན། རང་གི་ཡང་དགེ་སྦྱོར་གྱི་གྲོགས་སུ་འགྲོ། གཞན་རྩ་ན་ཡོད་པ་ཀུན་ལ་ཡང་ཕན། གཞན་ལ་རག་ན་མཐུན་འཇུག་དགོས། ཆོས་མི་འོང་བའི་སྣང་བ་མེད་པའི་མཁོ་ཚོགས་འཕྲལ་དགོས་ཀུན་ལག་ཡད་ཀྱིས་ཐོན་པ་སླ་ཆོས་སུ་མ་སོང་བར་བྱ། རང་གཞན་གྱི་དགེ་བའི་