R330: གོང་དཀར་ཆོས་སྡེ་དགོན་པའི་ལོ་རྒྱུས་རགས་བསྡུས་རིན་ཆེན་དོ་ཤལ།

  • Pagination (Witness A): 6a
[A:6a]པའི་རྡོ་རྗེ་གདན་པའི་འདྲ་སྐུ་དང་། རྫི་ཁྱིམ་གྱི་སྐུ་དང། གསེར་ཟངས་སྐུ། ལི་མའི་སྐུ། བཀའ་གདམ་མཆོད་རྟེན་རྙིང་མ་བཅས་བྱིན་ཅན་ཁྱད་འཕགས་ཅན་གྱི་སྐུ་རྟེན་མང་པོ་དང། རིས་མེད་ཀྱི་ཆོས་རྒྱུན་སོ་སོའི་བླ་སྐུ་དང་ལྷ་ཚོགས་ཀྱི་གྱང་ལྡེབས་ལེགས་བྲིས་དང། སྐུ་ཐང་རྙིང་མ་མང་པོ་རྟེན་རྫས་ལ་མུ་ཏིག་ཐུག་ཁོག་ཟེར་བ་མུ་ཏིག་ཞྭ་མོ་ཆེ་ཆུང་འདྲ་མིན་འགའ་ཤས་བཅས། རིན་པོ་ཆེའི་རིགས་མི་འདྲ་བ་མིང་ན་བརྗོད་པར་དཀའ་བའི་གནས་ཆེའི་དངོས་པོ་བཟོ་དབྱིབ་འདྲ་མིན་ཧ་ཅང་མང་པོ་ཡོད། དེའི་སྟེང་ཐིག་ཁང་ཀ་བ་སུམ་ཅུ་རྩ་གཉིས་ཡོད། དེའི་སྟེང་ཤོད་ཡོངས་རྫོགས་སྤྲུལ་པའི་ལྷ་ཁང་ཡིན། འདུ་ཁང་ཆེན་མོར་ཀ་བ་བཞི་བཅུ་ཞེ་དགུ། འདུ་ཁང་ཆེན་མོའི་ཁྱམས་འཁོར་ལ་གནས་བརྟན་བཅུ་དྲུག ཁོར་ཡུག་ལ་མཛད་བརྒྱ་དཔག་བསམ་ཁྲི་ཤིང་གི་གཙོས་པའི་ལྡེབས་བྲིས་རྙིང་མ་མང་པོ། གཙང་ཁང་ཆེན་མོའི་མདུན་གཡས་སུ་དཀར་པོ་རྣམ་གསུམ། གཡོན་དུ་དམར་པོ་རྣམ་གསུམ། གཙང་ཁང་