R330: གོང་དཀར་ཆོས་སྡེ་དགོན་པའི་ལོ་རྒྱུས་རགས་བསྡུས་རིན་ཆེན་དོ་ཤལ།

  • Pagination (Witness A): 6b
[A:6b]ཁོར་ཡུག་ཏུ་མཛད་པ་བཅུ་གཉིས་ཀྱི་ལྡེབས་བྲིས་ཞལ་ཕྱིར་གཟིགས་པ། ཞལ་ནང་དུ་གཟིགས་པ་སངས་རྒྱས་འོད་དཔག་མེད་སྟོང་སྐུའི་ལྡེབས་བྲིས།
འདུ་ཁང་ཆེན་མོའི་ནང་དུ་འབུར་སྐུ་ལ་རྡོ་རྗེ་གདན་པ་ཆེན་པོའི་འདྲ་སྐུ་མཚན་དུ་ཀུན་མཁྱེན་སྟག་འབོལ་མ་ཞེས། ཀུན་མཁྱེན་ཆེན་པོ་ཞལ་དངོས་སུ་བཞུགས་དུས་འཇམ་དབྱངས་མཁྱེན་བརྩེརྩེ་རིན་པོ་ཆེས་src: sic!བཞེས?་གནང་མཛད་པའི་ཀུན་མཁྱེན་སྐུ་དངོས་དང་དབྱེར་བ་མེད་པ་ཞིག་དང་ཡང་གསེར་ཟངས་ཀུན་མཁྱེན་མཚར་སྐུ་ང་འདྲ་མ་ཞིག ད་ལྟ་ཉམསཉམ་གསོ་ཞུས་ནས་འདུ་ཁང་ནང་ཡོད་པ་དེ་རང་ཡིན།
གུ་རུ་རིན་པོ་ཆེ་མི་ཚད་མ་ཐུགས་ཀར་སྐུ་ཚོགས་སྡེ་ལྔ་ཡོད་པ། ཐུབ་དབང་དགེ་འདུན་འཕེལ་རྒྱས་བཅས་སྐུ་བཞི། འདུ་ཁང་ནང་གཡས་བསྐོར་གྱི་བྱང་སྒོ་དང་པོ་གདན་ཁང། གཉིས་པ་བཀའ་འགྱུར་ལྷ་ཁང་ནང་གཙོ་བོ་ཐུབ་དབང་གི་འདྲ་སྐུ་དང། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ། སྒོ་གསུམ་པ་མགོན་ཁང་བྱང་ཞེས་པ་གུར་ལྷ་བཅུ་གཉིས་ཀྱི་མགོན་ཁང། སྒོ་བཞི་པ་ཆོས་རྫས་ཁང་།