R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༦བ
[A:༦བ]ལྷ་མོ་བཅོ་ལྔའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། བདག་མེད་མ། བིརྺ་པ། ནག་པོ་པ། ཌ་མ་རུ་པ། ཨ་ཝ་དྷུ་ཏི་པ། ག་ཡ་དྷ་ར། འབྲོག་མི་ཤཱཀྱ་ཡེ་ཤེས། བླ་མ་སེ་མཁར་ཆུང་བ། ཞང་དགོན་པ་བ། བླ་མ་ས་སྐྱ་པ་ཆེན་པོ། བླ་མ་ནེ་ཚེ་སྦལ་སྟོན། སློབ་དཔོན་བྱེ་བ་ལུང་པ། བླ་མ་ཤེས་རབ་གྲགས། གནམ་བ་འཕར་ཆོས་ཤེས། མངོན་པ་
དབུ་དཀར་བ།
དབང་ཕྱུག་བརྩོན་འགྲུས། དེ་ལ་འཕགས་པ་རིན་ཆེན་དང་། པཎྜི་ཏ་རྡོ་རྗེ་ཤེས་རབ། དེ་གཉིས་ཀ་ལ་ཞང་དཀོན་མཆོག་དཔལ། དེ་ལ་ཆོས་རྗེ་བྲག་ཕུག་པ། དེ་ལ་བླ་མ་དམ་པ་དང་། རི་ཁྲོད་པ་གཉིས་ཀས་གསན། དེ་གཉིས་ཀ་ལ་བླ་མ་དཔལ་ལྡན་ཚུལ་ཁྲིམས། དེ་ལ་ཆོས་རྗེ་ཤར་པ་དང་། གྲུབ་ཆེན་བུདྡྷ་བ་གཉིས་ཀས་གསན། དེ་གཉིས་ཀ་ལ་བླ་མ་རྡོ་རྗེ་འཆང་། དེ་ལ་སེམས་དཔའ་ཆེན་པོ། དེ་གཉིས་ཀ་ལ་རྗེ་བཙུན་དམ་པ་ཀུན་དགའ་དབང་ཕྱུག་པ་དང་། ཀུན་མཁྱེན་བསོད་ནམས་སེང་གེ དེ་གཉིས་ཆར་ལ་འདྲེན་མཆོག་ཆོས་ཀྱི་རྒྱལ་པོ་དཀོན་མཆོག་འཕེལ། ས་ལོ་ཆེན་པོ། སྔགས་འཆང་ཆོས་ཀྱི་རྒྱལ་པོ། གྲུབ་མཆོག་བསོད་ནམས་དབང་པོ། དེས་བདག་ལའོ། །ཡང་ན་འདྲེན་མཆོག རྗེ་དཀོན་མཆོག་ལྷུན་གྲུབ། སྔགས་འཆང་ཆེན་པོ་མན་འདྲའོ། །ཡང་ན་མངོན་པ་བ། འཕགས་པ། སྒང་སྟོན་ཤེས་རབ་འབུམ། དཀར་པོ་བྲག་པ། བླ་མ་དཔལ་ལྡན་པ་མན་ཆད་གོང་དང་འདྲའོ། ༈ །ཡང་ཆོས་རྗེ་དེ་ཉིད་ཀྱི་དྲུང་དུ། མདོ་རྒྱུད་ཐམས་ཅད་ཀྱི་བཅུད་ཕྱུང་བ་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གདམས་ངག་ཡོངས་སུ་རྫོགས་པ་ལེགས་པར་ཐོབ་པའི་ཆོས་ཀྱི་