R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༣བ
[A:༣བ]མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། རྒྱལ་ཚབ་དམ་པ་ཀུན་དགའ་དབང་ཕྱུག གློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ། བདག་ཆེན་འཇམ་པའི་དབྱངས་ངག་གི་དབང་ཕྱུག སྤྱན་སྔ་རིན་པོ་ཆེ་དཀོན་མཆོག་རྒྱ་མཚོ། ཐུབ་དབང་གཉིས་པ་རྗེ་བཙུན་སངས་རྒྱས་རྒྱལ་མཚན། དེས་བདག་ལའོ། །དེ་ལྟར་རང་ཉིད་ལོ་གཞོན་ནུའི་དུས་ནས་རིགས་ཀྱི་བག་ཆགས་སད་པས་རབ་ཏུ་འབྱུང་འདོད་ཀྱི་བློ་བཅོས་མིན་ཞིག་ཡོད་པ་ལ་བརྟེན། དེ་ཉིད་འགྲུབ་པའི་ཐབས་ཚུལ་སྣ་ཚོགས་ཤིག་བགྱིས་ཀྱང་། ཡབ་ཡུམ་གཉིས་ཀྱིས་དགོངས་པ་མ་འཁྲོལ་བར་ཡུན་རིང་འགྱངས་པ་ལ། རང་ལོ་བཅུ་བཞི་ལོན་སྐབས་རྩོམ་པ་ཐམས་ཅད་ཀྱི་ཐོག་མར་གྱུར་པའི་འཇམ་དབྱངས་ས་པཎ་གྱི་སྐུ་བསྟོད་དེ་བརྩམས་ནས་མྱུར་དུ་རབ་ཏུ་འབྱུང་བར་གསོལ་བ་བཏབ་པས། ལོ་དེ་ཁོ་ནར་བསམ་དོན་འབད་མེད་དུ་འགྲུབ་སྟེ་གྲུབ་མཆོག་འཇམ་དཔལ་དབང་པོའི་མཚན་ཅན་ལས་སོ་སོར་ཐར་པ་དགེ་བསྙེན་དང་དགེ་ཚུལ་གྱི་སྡོམ་པ་ལེགས་པར་མནོས་ཤིང་། སླར་རང་ལོ་ཉེར་གཅིག་ལོན་སྐབས་རྗེ་བཙུན་རྒྱལ་བ་མུས་པ་ཆེན་པོའི་དྲུང་དུ་བསྙེན་པར་རྫོགས་པ་དགེ་སློང་གི་སྡོམ་པ་རྣམ་པར་དག་པ་ཐོབ་པའི་སྐལ་བ་མཆོག་དང་ལྡན་པར་གྱུར་མོད་ཀྱང་། དུས་ཕྱིས་གངས་ཅན་གྱི་འགྲོ་བ་མ་ལུས་པའི་བདེ་སྐྱིད་ཀྱི་རྩ་བ་དཔལ་ས་སྐྱའི་སྡེ་བསྟན་པ་གདུང་བརྒྱུད་དང་བཅས་པའི་ཁུར་འདི་རང་ངོས་ནས་ངལ་བ་ལྷུར་ལེན་མ་བགྱིས་ན་ས་སྐྱ་པའི་བསྟན་པ་མཚན་གྱི་ལྷག་མར་ཉེ་བར་དོགས་པ་འདི་ཁོ་ན་སེམས་ཀྱིས་མ་བཟོད་པའི་དབང་གིས། རང་ཉིད་ལ་ལུང་རྟོགས་ཀྱི་ཡོན་ཏན་གང་ཡང་མེད་ཀྱང་། རྩ་བརྒྱུད་ཀྱི་བླ་མ་གོང་མ་ཡེ་ཤེས་ཀྱི་