[A:༧ན]རྣམ་གྲངས་ལ། ཐོག་མར་སྔོན་འགྲོ་སྣང་བ་གསུམ་གྱི་ཁྲིད་དང་རྗེས་སུ་འབྲེལ་བར་བརྒྱུད་པའི་རྣམ་ཐར་རྣམས་ཐོས་པ་ལ། རྗེ་བཙུན་གྱིས་མཛད་པའི་བླ་མ་རྒྱ་བོད་ཀྱི་ལོ་རྒྱུས། བོད་ཀྱི་ལོ་རྒྱུས་རྒྱས་པ་དམར་གྱིས་མཛད་པ། ས་ཆེན་གྱི་རྣམ་ཐར་རྗེ་བཙུན་གྱིས་མཛད་པ། རྗེ་རྩེ་མོའི་རྣམ་ཐར་ཚངས་སྤྱོད་མ་དང་། ཁྱོད་ཉིད་མ་མཆན་མ་རྗེ་པས་མཛད་པ། རྗེ་བཙུན་གྱི་རྣམ་ཐར་མནལ་ལམ་མ་སྦལ་སྟོན་གྱིས་མཛད་པ་དང་། ཆོས་རྗེ་ས་པཎ་གྱིས་མཛད་པ་གཉིས། རྗེ་ས་པཎ་གྱི་རྣམ་ཐར་འཕགས་པས་མཛད་པ་དང་། ལྷོ་པ་རིན་ཆེན་དཔལ་གྱིས་མཛད་པ། འཕགས་པའི་རྣམ་ཐར་ཤར་ཆེན་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པ་དང་། བྱང་གཞོན་བོ་དྷི་ཀུ་མ་རས་མཛད་པ། ཚོགས་བསྒོམ་པའི་རྣམ་ཐར་དང་ཉན་ཆེན་པའི་རྣམ་ཐར་བར་སྟོན་གྱིས་མཛད་པའི་ལོ་རྒྱུས་ལས་བཏུས་པ། ཉན་ཆེན་པའི་རྣམ་ཐར་དཀར་པོ་བྲག་པས་མཛད་པ། ཞང་པའི་རྣམ་ཐར་དཔལ་ལྡན་པས་མཛད་པ། བྲག་ཕུག་པའི་རྣམ་ཐར་རི་ཁྲོད་པས་མཛད་པ། བླ་མ་དམ་པའི་རྣམ་ཐར་དཔལ་ལྡན་པས་མཛད་པ་དང་། ཀརྨ་བྱམས་ཆོས་པས་མཛད་པ་ཁ་སྐོང་དང་བཅས་པ། རི་ཁྲོད་པའི་རྣམ་ཐར་དཔལ་ལྡན་པས་མཛད་པ། དཀར་པོ་བྲག་པའི་རྣམ་ཐར་རང་ཉིད་ཀྱིས་མཛད་པ། བླ་མ་དཔལ་ལྡན་ཚུལ་ཁྲིམས་པའི་རྣམ་ཐར་སེམས་དཔའ་ཆེན་པོས་མཛད་པ། གྲུབ་ཆེན་བུདྡྷ་ཤྲཱིའི་རྣམ་ཐར་ངོར་ཆེན་རྡོ་རྗེ་འཆང་གིས་མཛད་པ། ཤར་ཆེན་ཡེ་རྒྱལ་གྱི་རྣམ་ཐར་རྡོ་རྗེ་འཆང་གིས་མཛད་པ། རྡོ་རྗེ་འཆང་གི་རྣམ་ཐར་ཁ་སྐོང་དང་བཅས་པ་མུས་ཆེན་གྱིས་མཛད་པ། མུས་ཆེན་གྱི་རྣམ་ཐར་ཁ་སྐོང་དང་བཅས་པ་རྩ་