R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༡ན
[A:༡༡ན]གོང་དང་འདྲ། །ཡང་ན་ས་སྐྱ་པཎ་ཆེན་ནས། རབ་མྱོས་ལྕགས་རྟ་ལོ་འཁྲུངས་ཚོགས་བསྒོམ་པ།
ས་པཎ་ལས་ཉེར་བརྒྱད་ཀྱིས་གཞོན་པ།
།རྣམ་འགྱུར་ལྕགས་སྟག་ལོ་འཁྲུངས་ཉན་ཆེན་པ།
དེ་ལས་ཉི་ཤུས་གཞོན་པ།
།ཨིངྒིར་ཆུ་སྤྲེལ་ལོ་འཁྲུངས་རཏྣའི་མཚན།
དེ་ལས་ཞེ་གཉིས་ཀྱིས་གཞོན་པ།
།བླ་མ་དཔལ་ལྡན་ཚུལ་ཁྲིམས་མན་ཆད་གོང་དང་འདྲ། ཡང་ན་སེམས་དཔའ་ཆེན་པོ། འཇམ་དབྱངས་སངས་རྒྱས་རིན་ཆེན། རྗེ་དཀོན་མཆོག་ལྷུན་གྲུབ་མན་གོང་དང་འདྲ།། ༈ །།ཡང་ན་ཆོས་རྗེ་ས་པཎ་ནས། ཚོགས་བསྒོམ་ཀུན་དགའ་དཔལ། ཉན་ཆེན་བསོད་ནམས་བརྟན་པ། དཀར་པོ་བྲག་པ་རིན་ཆེན་སེང་གེ བླ་མ་དཔལ་ལྡན་པ་མན་གོང་དང་འདྲ།། ༈ །།ཡང་ན་ཉན་ཆེན་པ་ནས། བྲག་ཕུག་པ། རི་ཁྲོད་པ། བླ་མ་དཔལ་ལྡན་པ་མན་གོང་དང་འདྲ།། ༈ །།ཡང་ན་རྗེ་སེམས་དཔའ་ཆེན་པོ། ཀུན་མཁྱེན་བསོད་ནམས་སེང་གེ གྲུབ་ཆེན་དཀོན་མཆོག་བློ་གྲོས། འདྲེན་མཆོག་དཀོན་མཆོག་འཕེལ། དེ་གསུམ་ཀ་ལ་རྗེ་སངས་རྒྱས་རིན་ཆེན། རྗེ་དཀོན་མཆོག་ལྷུན་གྲུབ་མན་འདྲའོ།། ༈ །།ཡང་ན་བླ་མ་དཔལ་ལྡན་པ་ཡན་ཆད་སྔར་གྱི་རྣམས་དང་འདྲ་བ་ལས། དེ་ནས་ཤར་པ་ཡེ་ཤེས་རྒྱལ་མཚན། རྗེ་ཀུན་དགའ་བཟང་པོ། དེ་ལ་རྗེ་མུས་ཆེན། ཀུན་མཁྱེན་རིན་པོ་ཆེ། གྲུབ་ཆེན་དཀོན་བློ་གསུམ་གྱིས་གསན། དེ་གསུམ་ཀ་ལ་རྗེ་སངས་རྒྱས་རིན་ཆེན་པས་གསན། དེ་ནས་རྗེ་དཀོན་མཆོག་ལྷུན་གྲུབ་མན་འདྲའོ།། ༈ །།ཡང་ན་འཕགས་པ་རིན་པོ་ཆེ་ནས། པཎྜི་ཏ་རྡོ་རྗེ་ཤེས་རབ། བླ་མ་འཕགས་རྒྱལ། བླ་མ་རིན་ཆེན་དཔལ་བཟང་། འགྲོ་