R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༡བ
[A:༡༡བ]མགོན་བསོད་ནམས་རྒྱལ་མཚན། བླ་མ་དཔལ་ལྡན་ཚུལ་ཁྲིམས་པ་མན་གོང་གི་རྣམས་དང་འདྲ།། ༈ །།ཡང་ན་ཞང་དཀོན་མཆོག་དཔལ། དགའ་ལྡན་པ་ཀུན་བསོད། བྲག་ཕུག་པ་ཆོས་རྗེ་རྣམ་གཉིས། དཔལ་ལྡན་པ་མན་འདྲ།། ༈ །།ཡང་ན་ཉན་ཆེན་པ། བང་མོ་ཞུ་བ་གཞོན་ནུ་དཔལ། འགྲོ་མགོན་བསོད་ནམས་པ། བླ་མ་དཔལ་ལྡན་པ་མན་འདྲའོ།། ༈ །།ཡང་ན་བརྒྱུད་པ་ལུགས་གཅིག་ནི། རྗེ་ཀུན་དགའ་དབང་ཕྱུག་པ་ཡན་འདྲ་བ་ལས། ཡོངས་འཛིན་དཀོན་མཆོག་འཕེལ། རྗེ་སངས་རྒྱས་རིན་ཆེན། ས་སྐྱ་ལོ་ཙཱ་བ་ཀུན་དགའ་བསོད་ནམས། རྗེ་དཀོན་མཆོག་ལྷུན་གྲུབ་མན་འདྲ། ༈ །ཡང་ན་ཆོས་རྗེ་ས་པཎ་ནས། ཚོགས་བསྒོམ་ཀུན་དགའ་དཔལ། ཉན་ཆེན་བསོད་ནམས་བརྟན་པ། དཀར་པོ་བྲག་པ་རིན་ཆེན་སེང་གེ བླ་མ་དཔལ་ལྡན་པ་མན་གོང་དང་འདྲ། ༈ ཡང་ན་མུས་ཆེན། འཇམ་དབྱངས་ཤེས་རབ་རྒྱ་མཚོ། མཁས་གྲུབ་དཔལ་རྡོར་བ། དེ་གསུམ་ཀ་ལ་འདྲེན་མཆོག་ཆོས་ཀྱི་རྒྱལ་པོས་གསན། དེ་ལ་ས་ལོ་ཙཱ་བ་ཀུན་དགའ་བསོད་ནམས་མན་ཆད་སྔར་བཞིན་ནོ། ༈ །ཡང་ན་མུས་ཆེན། ཀུན་མཁྱེན་བསོད་ནམས་སེང་གེ དེ་གཉིས་ལ་འདྲེན་མཆོག་དང་རྗེ་སངས་རྒྱས་རིན་ཆེན་གཉིས་ཀྱིས་གསན། དེ་གཉིས་ལ་ས་སྐྱ་ལོ་ཙཱས་གསན། དེ་ལ་རྗེ་དཀོན་མཆོག་ལྷུན་གྲུབ་མན་འདྲའོ། ༈ །ཡང་ན་མུས་ཆེན། གྲུབ་ཆེན་དཀོན་བློ། རྗེ་བཙུན་སངས་རྒྱས་རིན་ཆེན་མན་གོང་དང་འདྲ། ༈ །ཡང་ན་ངོར་ཆེན། མུས་ཆེན། ཀུན་དགའ་དབང་ཕྱུག མཁན་ཆེན་ལེགས་འབྱུང་། ས་སྐྱ་ལོ་ཙཱ། རྗེ་དཀོན་མཆོག་ལྷུན་གྲུབ་མན་