[A:༡༢ན]འདྲའོ། ༈ །ཡང་ན་ངོར་ཆེན་ཡབ་སྲས། མཁས་གྲུབ་དཔལ་རྡོར་བ། མི་ཉག་པཎ་ཆེན་གྲགས་པ་རྡོ་རྗེ། ས་སྐྱ་ལོ་ཙཱ་བ། རྗེ་དཀོན་མཆོག་ལྷུན་གྲུབ་མན་འདྲ། ༈ །ཡང་ན་ངོར་ཆེན། མཁས་གྲུབ་གཞོན་ནུ་སེང་གེ དེ་གཉིས་ཀས་རྗེས་སུ་བཟུང་བ་ལྷ་འབྲི་སྟོན་པ་ཤེས་རབ་རྡོ་རྗེ། པཎ་ཆེན་མི་ཉག་པ་སོགས་གོང་དང་འདྲའོ། ༈ །ཡང་ན་ངོར་ཆེན། མུས་ཆེན་གཉིས་ཀས་རྗེས་སུ་བཟུང་བ་སྤྱན་སྔ་ཀུན་དགའ་རྡོ་རྗེ་དང་། གུང་རུ་ཤེས་རབ་བཟང་པོ་གཉིས་ལ་མི་ཉག་པཎ་ཆེན་གྱིས་གསན། ས་ལོ་མན་སྔར་དང་འདྲ། ༈ །ཡང་ན་ས་པཎ། གྲུབ་ཐོབ་ཡོན་ཏན་དཔལ། ལ་རུ་བ་བསོད་ནམས་སེང་གེ གངས་པ་གྲགས་པ་དཔལ། པཎ་ཆེན་མ་ཏི། ཐེག་ཆེན་ཆོས་རྗེ། གུ་ཤྲཱི་ནམ་བཟང་། མཁས་གྲུབ་དཔལ་རྡོར་བ། པཎ་ཆེན་མི་ཉག་པ་སོགས་གོང་དང་འདྲའོ། །ཡང་ན་གུ་ཤྲཱི་ནམ་བཟང་། ངག་དབང་གྲགས་པ། རྒྱ་དཀར་ཤེས་རབ་རྒྱལ་མཚན། ས་སྐྱ་ལོ་ཙཱ་བ་མན་གོང་དང་འདྲ། ༈ །ཡང་ན་འགྲོ་མགོན་བསོད་ནམས་རྒྱལ་མཚན། ཉ་དཔོན་ཀུན་དགའ་དཔལ། གྲུབ་ཆེན་ཀུན་དགའ་བློ་གྲོས། འཇམ་དབྱངས་དཀོན་མཆོག་བཟང་པོ། རྒྱ་དཀར་ཤེས་རབ་རྒྱལ་མཚན་མན་གོང་དང་འདྲ། ༈ །ཡང་ན་འགྲོ་མགོན་ཆོས་རྗེ། མཁན་ཆེན་བྱང་ཆུབ་སེང་གེ ཐེག་ཆེན་ཆོས་རྗེ། གྲུབ་ཆེན་ཀུན་དགའ་བློ་གྲོས་སོགས་སྔ་མ་དང་འདྲའོ། ༈ །ཡང་ན་རྗེ་ཀུན་དགའ་བཟང་པོ་ཡན་གོང་བཞིན་ལས། མུས་ཆེན། ཀུན་དབང་། དཔལ་རྡོར་བ། ཀུན་མཁྱེན། འདྲེན་མཆོག རྗེ་སངས་རིན་པ། རྗེ་ལྷ་མཆོག་སེང་གེ རྗེ་དཀོན་མཆོག་ལྷུན་གྲུབ་མན་