R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༡༢བ
[A:༡༢བ]འདྲ། ༈ །ཡང་རྒྱུའི་དབང་བསྐུར་རྐྱང་པའི་བརྒྱུད་པ་གཞན་ནི། རྗེ་བླ་མ་དམ་པ་ཡན་གསུང་ངག་དང་འདྲ་བ་ལས། སྔགས་འཆང་གཟུངས་ཀྱི་དཔལ། རྗེ་བཟང་པོ་རྒྱལ་མཚན། མཚུངས་མེད་རྒྱལ་མཚན་དཀོན་མཆོག བྱམས་པ་རྡོ་རྗེ་རྒྱལ་མཚན། རྒྱ་དཀར་ཤེས་རབ་རྒྱལ་མཚན། འཇམ་དབྱངས་ས་སྐྱ་ལོ་བ་ཙཱ་བ་མན་འདྲ། ༈ །རྗེ་བཙུན་རྡོ་རྗེ་བདག་མེད་མ་ལྷ་མོ་བཅོ་ལྔའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་པའི་བརྒྱུད་པ་ནི། ས་ཆེན་ཡན་ཆད་ཡབ་དང་འདྲ་བ། དེ་ནས་ནེ་ཙེ་སྦལ་སྟོན། བླ་མ་ཤེས་རབ་གྲགས། གནམ་པ་རྭ་ཆོས་ཤེས། མངོན་པ་བ་དབང་ཕྱུག་བརྩོན་འགྲུས།
དབུ་དཀར་བ།
དེ་ལ་འཕགས་པ་རིན་པོ་ཆེ་དང་། པཎྜི་ཏ་རྡོ་རྗེ་ཤེས་རབ། དེ་གཉིས་ལ་ཞང་དཀོན་མཆོག་དཔལ། དེ་ལ་ཆོས་རྗེ་བྲག་ཕུག་པ། དེ་ལ་བླ་མ་དམ་པ་དང་རི་ཁྲོད་པ་གཉིས་ཀས་གསན། དེ་གཉིས་ཀ་ལ་བླ་མ་དཔལ་ལྡན་ཚུལ་ཁྲིམས། དེ་ལ་ཆོས་རྗེ་ཤར་པ་ཡེ་ཤེས་རྒྱལ་མཚན་དང་། གྲུབ་ཆེན་བུདྡྷ་བ་གཉིས་ཀས་གསན། དེ་གཉིས་ཀ་ལ་བླ་མ་རྡོ་རྗེ་འཆང་། དེ་ལ་སེམས་དཔའ་ཆེན་པོ། དེ་གཉིས་ལ་རྗེ་བཙུན་དམ་པ་ཀུན་དགའ་དབང་ཕྱུག་པ་དང་། ཀུན་མཁྱེན་བསོད་ནམས་སེང་གེ དེ་གཉིས་ཀ་ལ་འདྲེན་མཆོག་དཀོན་མཆོག་འཕེལ་བ། དེ་ལ་འཇམ་པའི་དབྱངས་དཀོན་མཆོག་ལྷུན་གྲུབ་མན་ཡབ་དང་འདྲ། ༈ །ཡང་རྒྱལ་བ་མུས་པ་ཆེན་པོ་རྡོ་རྗེ་འཆང་ཀྱཻ་རྡོ་རྗེ་དེ་ཉིད་ཀྱི་དྲུང་དུ། མདོ་རྒྱུད་ཐམས་ཅད་ཀྱི་དོན་གྱི་བཅུད་ཕྱུང་བ་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གདམས་ངག་ཡོངས་སུ་རྫོགས་པ་ལེགས་པར་ཐོབ་པའི་ཆོས་ཀྱི་རྣམ་གྲངས་ལ། ཐོག་མར་སྔོན་འགྲོ་སྣང་བ་