[A:༡༣ན]གསུམ་གྱི་ཁྲིད་དང་རྗེས་སུ་འབྲེལ་བར་ལམ་འབྲས་བརྒྱུད་པའི་ཕྱག་མཆོད་ཆེན་མོ་ཁ་སྐོང་དང་བཅས་པ། བརྒྱུད་པའི་རྣམ་ཐར་ཞིབ་མོ་རྡོ་རྗེ། རྗེ་ས་སྐྱ་པ་ཆེན་པོ་ནས། རྗེ་རྡོ་རྗེ་འཆང་ཆེན་པོའི་བར་གྱི་རྣམ་ཐར་ཐོར་བུ་བ་ཐུན་མོངས་སུ་གྲགས་པ་རྣམས་ཐོབ་པ་ལ། རྗེ་ས་ཆེན་གྱི་རྣམ་ཐར་རྗེ་བཙུན་གྱིས་མཛད་པ། རྗེ་བཙུན་རྩེ་མོའི་རྣམ་ཐར་བསྟོད་པ་མཆན་བུ་དང་བཅས་པ་རྗེ་པས་མཛད་པ། རྗེ་པའི་རྣམ་ཐར་ཆོས་རྗེ་པས་མཛད་པ་རྣམ་ཐར་མན་ལམ་མ་སྦལ་སྟོན་གྱིས་བྲིས་པ། ཆོས་རྗེ་པའི་རྣམ་ཐར་ལྷོ་པ་ཀུན་མཁྱེན་གྱིས་མཛད་པ་དང་། རྣམ་ཐར་གསུང་བགྲོས་མ་བླ་མ་རྡོ་རྗེ་འཆང་གིས་མཛད་པ། འཕགས་པའི་རྣམ་ཐར་ཡེ་ཆེན་པོས་མཛད་པ། ཚོགས་ཉན་གཉིས་ཀྱི་རྣམ་ཐར་བར་སྟོན་གྱིས་མཛད་པའི་བརྒྱུད་པའི་ལོ་རྒྱུས་ལས་བཏུས་པ། ཉན་ཆེན་པའི་རྣམ་ཐར་དཀར་པོ་བྲག་པས་མཛད་པ། ཞང་པའི་རྣམ་ཐར་དཔལ་ལྡན་པས་མཛད་པ། བྲག་ཕུག་པའི་རྣམ་ཐར་རི་ཁྲོད་པས་མཛད་པ། ཆོས་རྗེ་བླ་མ་དང་རི་ཁྲོད་པའི་རྣམ་ཐར་དཔལ་ལྡན་པས་མཛད་པ། དཀར་པོ་བྲག་པའི་རྣམ་ཐར་ཁོང་པ་རང་གིས་མཛད་པ། དཔལ་ལྡན་པའི་རྣམ་ཐར་མུས་ཆེན་པས་མཛད་པ། བུདྡྷའི་རྣམ་ཐར་བླ་མ་རྡོ་རྗེ་འཆང་གིས་མཛད་པ། ཆོས་རྗེ་ཤར་པའི་རྣམ་ཐར་དད་པ་རྒྱས་བྱེད་ངོར་ཆེན་གྱིས་མཛད་པ། རྡོ་རྗེ་འཆང་གི་རྣམ་ཐར་ཁ་སྐོང་དང་བཅས་པ་མུས་ཆེན་གྱིས་མཛད་པ། རྣམ་ཐར་དངོས་གྲུབ་དབང་གི་རྒྱལ་པོ་གུ་གེ་པཎ་ཆེན་གྱིས་མཛད་པ། མུས་ཆེན་གྱི་རྣམ་ཐར་གསུང་བགྲོས་མ་གུང་རུས་མཛད་པ། རྣམ་ཐར་ངོ་མཚར་ཆུ་རྒྱུན་ཁ་སྐོང་དང་བཅས་པ་ཀུན་མཁྱེན་གྱིས་མཛད་པ། རྗེ་ཀུན་