[A:༡༣བ]དབང་པའི་རྣམ་ཐར་རིན་པོ་ཆེའི་ཕྲེང་བ་མཁན་ཆེན་ལེགས་འབྱུང་གིས་མཛད་པ། མཁས་གྲུབ་དཔལ་རྡོར་བའི་རྣམ་ཐར་མི་ཉག་པཎ་ཆེན་གྱིས་མཛད་པ། ཀུན་མཁྱེན་གྱི་རྣམ་ཐར་རྗེ་སངས་རྒྱས་རིན་ཆེན་པ། གློ་བོ་མཁན་ཆེན་པ། བྱ་བཏང་ཀུན་དགའ་མཆོག་ལྡན་པ་རྣམས་ཀྱིས་མཛད་པ། རྗེ་འདྲེན་མཆོག་གི་རྣམ་ཐར་ཡོན་ཏན་མཐའ་ཡས་པ་རྗེ་སངས་རིན་པས་མཛད་པ། རྣམ་ཐར་ངོ་མཚར་སྣང་བའི་ཉིན་བྱེད་རྗེ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པ། རྗེ་སངས་རིན་པའི་རྣམ་ཐར་དགེ་ལེགས་རིན་པོ་ཆེའི་གཏེར་ཁ་སྐོང་དང་བཅས་པ་ས་སྐྱ་ལོ་ཙཱས་མཛད་པ། དེའི་རྣམ་ཐར་འཇམ་པའི་དབྱངས་ཀྱི་ཡོན་ཏན་རྣམ་པར་བཀོད་པ་རྗེ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པ། རྗེ་དཀོན་མཆོག་རྒྱ་མཚོའི་རྣམ་ཐར་རྗེ་བྱང་པ་རབ་བརྟན་པས་མཛད་པ། བླ་མ་བསྟེན་པའི་ཐབས་ཤླཽ་ཀ་ལྔ་བཅུ་པ་མཁན་ཆེན་ལེགས་འབྱུང་གི་མཆན་བུ་དང་། རྗེ་བཙུན་ཆེན་པོས་མཛད་པའི་དཀའ་འགྲེལ་དང་བཅས་པ། བརྒྱུད་པ་གཉིས་ལས་འོངས་པའི་དབང་གི་སྔོན་འགྲོའི་སེམས་བསྐྱེད་ཀྱི་ཆོ་ག་རྣམས་ལེགས་པར་ཐོས། ༈ །དངོས་གཞི་ལ་ཐོག་མར་ཡབ་ཀྱི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་གི་མངོན་པར་རྟོགས་པ་བརྒྱད་དང་ལྡན་པའི་རྒྱུ་དུས་ཀྱི་དབང་བསྐུར་བ་རྩ་སྔགས་ཨཥྚའི་བཟླས་ལུང་དང་བཅས་པ། ལུས་དཀྱིལ་གྱི་ཁྲིད་ཀྱི་སྔོན་འགྲོ་ཐབས་རྒྱུད་ཀྱི་གཙོ་བོ་ལམ་དུས་ཀྱི་དབང་བསྐུར་བ་གསང་སྔགས་ཡི་གེ་བརྒྱ་པ་བཟླས་ལུང་དང་བཅས་པ། ༈ །གསང་དབང་ལམ་གྱི་སྔོན་འགྲོ་རྗེ་བཙུན་རྡོ་རྗེ་བདག་མེད་མའི་སིནྡྷུ་རའི་དཀྱིལ་འཁོར་དང་། བླ་མའི་ལུས་ཀྱི་དཀྱིལ་འཁོར་དུ་བྱིན་རླབས་ཀྱི་བརྒྱུད་པ་མ་ཉམས་པར་དབང་བསྐུར་བ་