R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༧བ
[A:༧བ]འགྲེལ་ཀུན་མཁྱེན་གྱིས་མཛད་པ། ཀུན་མཁྱེན་གྱི་རྣམ་ཐར་རྗེ་སངས་རིན་གྱིས་མཛད་པ། རྗེ་དཀོན་མཆོག་འཕེལ་གྱི་རྣམ་ཐར་མུས་ཆེན་སངས་རྒྱས་རིན་ཆེན་དང་། རྗེ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པ་གཉིས། རྗེ་སངས་རིན་གྱི་རྣམ་ཐར་ཁ་སྐོང་དང་བཅས་པ་ས་ལོས་མཛད་པ། ས་ལོ་ཆེན་པོའི་རྣམ་ཐར་ངོར་ཆེན་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པ། རྗེ་དཀོན་མཆོག་ལྷུན་གྲུབ་ཀྱི་རྣམ་ཐར་དཀོན་མཆོག་དཔལ་ལྡན་པས་མཛད་པ། སྔགས་འཆང་ཆོས་ཀྱི་རྒྱལ་པོའི་རྣམ་ཐར་རྒྱས་པ་ལྗགས་སྟེང་ནས་གནང་ཞིང་། བླ་མ་བསྟེན་པའི་ཐབས་ཤླཽ་ཀ་ལྔ་བཅུ་པ་རྗེ་བཙུན་ཆེན་པོས་མཛད་པའི་དཀའ་འགྲེལ་དང་བཅས་པ། རྗེ་དཀོན་མཆོག་ལྷུན་གྲུབ་ཀྱིས་མཛད་པའི་སྣང་གསུམ་མཛེས་རྒྱན་གྱི་ལུང་རྣམས་དང་། བརྒྱུད་པ་གཉིས་ལས་འོངས་པའི་དབང་གི་སྔོན་འགྲོའི་སེམས་བསྐྱེད་ཀྱི་ཆོ་ག་རྣམས་ལེགས་པར་ཐོས། ལམ་གྱི་དངོས་གཞི་རྒྱུད་གསུམ་གྱི་སྒོ་ནས་དཀྲི་བ་ལ། ཐོག་མར་ཡབ་ཀྱི་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་དབང་གི་མངོན་པར་རྟོགས་པ་བརྒྱད་དང་ལྡན་པའི་རྒྱུ་དུས་ཀྱི་དབང་བསྐུར་བ་རྩ་སྔགས་ཨཱཥྚའི་བཟླས་ལུང་དང་བཅས་པ། ལུས་དཀྱིལ་གྱི་ཁྲིད་ཀྱི་སྔོན་འགྲོར་ཐབས་རྒྱུད་ཀྱི་གཙོ་བོ་ལམ་དུས་ཀྱི་དབང་བསྐུར་བ་གསང་སྔགས་ཡི་གེ་བརྒྱ་པའི་བཟླས་ལུང་དང་བཅས་པ། གསང་དབང་གི་ལམ་གྱི་སྔོན་འགྲོར་རྗེ་བཙུན་རྡོ་རྗེ་བདག་མེད་མའི་སིནྡྷཱུ་རའི་དཀྱིལ་འཁོར་དང་། བླ་མའི་ལུས་ཀྱི་དཀྱིལ་འཁོར་དུ་བྱིན་རླབས་ཀྱི་བརྒྱུད་པ་མ་ཉམས་པར་བསྐུར་བ་ལམ་དུས་ཀྱི་དབང་དང་བཅས་པ། ལམ་ཟབ་མོ་བླ་མའི་རྣལ་འབྱོར་གྱི་ཁྲིད་དང་བྱིན་རླབས། ཕྱིའི་བར་ཆད་སྲུང་ཐབས་རྣལ་འབྱོར་གྱི་དབང་ཕྱུག་