[A:༡༤ན]ལམ་དུས་ཀྱི་དབང་དང་བཅས་པ། ༈ །ལམ་ཟབ་མོ་བླ་མའི་རྣལ་འབྱོར་གྱི་ཁྲིད་དང་བྱིན་རླབས། ༈ །ལམ་ཟབ་ནང་གི་བླ་མའི་རྣལ་འབྱོར་གྱི་ཉམས་ལེན། ༈ །བླ་མ་རིན་ཆེན་འབྱུང་ལྡན་གྱི་རྣལ་འབྱོར། ༈ །ཕྱིའི་བར་ཆད་བསྲུང་ཐབས་རྣལ་འབྱོར་དབང་ཕྱུག་གི་བསྲུང་བ་ཐུན་མོང་མ་ཡིན་པའི་བྱིན་རླབས། ༈ །ནང་གི་བར་ཆད་བསྲུང་ཐབས་དབང་བཞིའི་བརྡ་དོན་གྱི་མན་ངག་ཆིག་བརྒྱུད་མ། ཐུན་མོང་གི་བར་ཆད་བསྲུང་ཐབས་ལ་ཕན་འདོགས་པ་རྣམ་འཇོམས་བིར་ལུགས་ཀྱི་བྱིན་རླབས། ༈ མཚོན་པར་བྱ་བ་གསུང་ངག་རིན་པོ་ཆེའི་ལམ་ཐམས་ཅད་མཚོན་པར་བྱེད་པ་བིར་སྲུང་ཐུན་མོང་མ་ཡིན་པའི་བྱིན་རླབས་མན་ངག་དང་བཅས་པ། ༈ །གསུང་ངག་རིན་པོ་ཆེའི་དོན་བསྡུས་ཏེ་ཉམས་སུ་བླང་བའི་ཚུལ་སྟོན་པ་བརྡ་དོན་གསལ་བའི་ཉམས་ལེན་གྱི་མན་ངག་དང་བཅས་པ། ༈ །གསུང་ངག་སྟན་ཐོག་གཅིག་ཏུ་ཉམས་སུ་བླང་བའི་ཚུལ་སྟོན་པ་ལམ་བསྡུས་ཏེ་བསྒྲུབ་པའི་ལུང་སྦྱིན་པ། ༈ །རྣལ་འབྱོར་དབང་ཕྱུག་གི་ཟབ་ཆོས་ལམ་སྦས་བཤད་ཀྱི་ཁྲིད་འཁྲུལ་འཁོར་ལག་ལེན་དང་བཅས་པ། བླ་མའི་རྣལ་འབྱོར་གྱི་བྱེ་བྲག་ཚར་གསུམ་ཁུག་པའི་བྱིན་རླབས་ཡན་ལག་དང་བཅས་པ། ཆོས་སྐོར་འདིའི་བཀའ་སྲུང་རྡོ་རྗེ་ནག་པོ་ཆེན་པོ་དཔའ་རྐྱང་གི་རྗེས་གནང་རྣམས་ལེགས་པར་ཐོབ་ནས། དེ་རྣམས་ཀྱི་རྒྱབ་རྟེན་ཚད་མ་བཞི་དང་རྗེས་སུ་འབྲེལ་བའི་ཡིག་སྣ་རྣམས་ཀྱི་ལུང་ཐོབ་པ། ཐོག་མར་བསྟན་བཅོས་རྡོ་རྗེའི་ཚིག་རྐང་། དེའི་རྣམ་འགྲེལ་རྗེ་ས་སྐྱ་པ་ཆེན་པོས་མཛད་པ་བཅུ་གཅིག་གི་ནང་ནས་ཚིག་ཉུང་ལ་དོན་རྒྱས་པ་གཉག་མའི་ཡིག་ཆུང་དང་བཅས་པ་དེང་སང་