[A:༡༤བ]ལམ་འབྲས་གླེགས་བམ་ཞེས་མཚན་དུ་གྲགས་པ་འདིའི་ནང་ན་བཞུགས་པའི་རྣམ་གྲངས་ལ། རྡོ་རྗེའི་ཚིག་གི་རྣམ་འགྲེལ་གཉག་མ་དང་། །གསལ་བྱེད་ཀུན་གཞི་རྒྱུ་རྒྱུད་གདན་སོགས་དང་། །ལུས་དཀྱིལ་འཆི་བསླུ་བུམ་དབང་འདའ་ཁ་མ། །ཐིག་ལེའི་རྣལ་འབྱོར་ཕྱག་རྒྱའི་མཚན་ཉིད་དང་། །བཞི་པའི་འདའ་ཁ་བར་དོའི་གདམས་ངག་དང་། །ལམ་དབང་ཚད་མ་བཞི་དང་གདམས་ངག་དྲུག །རྟེན་འབྲེལ་ལྔ་དང་གྲིབ་སེལ་ཡིག་ཆུང་གཉིས། །ཐིག་ལེ་བསྲུང་བ་ཡིག་བརྒྱའི་འདོན་ཐབས་དང་། །རླུང་སྦྱོར་བྷ་གའི་ཡི་གེ་འཁོར་བཞིའི་རྒྱ། །དབང་ཕྱུག་དོན་བརྒྱད་ས་ཕྱེད་མངོན་རྟོགས་དང་། །དོན་བསྡུས་མ་སྟེ་ཉི་ཤུ་རྩ་བཞི་ནི། །བསྟན་བཅོས་ཉིད་ཀྱི་སྟེང་དུ་བཤད་བྱ་འོ། །དེ་དག་ལས་འཕྲོས་གུད་དུ་གསུངས་པའི་ཆོས། །འཁོར་འདས་དབྱེར་མེད་དབང་བཞིའི་མན་ངག་གནད། །མཆོག་དབང་བསྐུར་ཚུལ་བསྐྱེད་རིམ་བསྡུས་པ་དང་། །རིལ་བུའི་སྒྲུབ་ཐབས་ཡུམ་གྱི་བྱིན་རླབས་དང་། །གེགས་སེལ་བཞི་དང་དབང་ཆུ་སྒྲུབ་ཐབས་གསུམ། །རྩ་ལྟུང་འཁྲུལ་སྤོང་ཚོགས་འཁོར་སྦྱིན་སྲེག་སྟེ། །རྩ་བ་ལས་འཕྲོས་ཆོས་སྣ་བཅུ་བདུན་ལས། །ཕྱི་མ་བདུན་པོ་ལོགས་སུ་བཞུགས་ཀྱང་རུང་། །འབྲིང་བསྡུས་ལམ་གཉིས་གཞུང་ཤིང་ཆེན་མོ་བཞི། །རྟོགས་བསྐྱེད་ཆོས་ལྔ་ལམ་ཟབ་བླ་མ་རྣམས། །ཉམས་མྱོང་ཚད་མའི་ཆོས་སྣ་ཉེར་དགུ་ཡིན། །ལུང་གི་ཚད་མ་ལུང་སྦྱོར་རྣམ་པ་བཞི། །བླ་མ་ཚད་མ་རྒྱ་བོད་རྣམ་ཐར་གཉིས། །མན་ངག་ཕྲ་མོར་བཅས་པ་དྲུག་ཅུ་འོ། །ཞེས་པ་ལྟར་གླེགས་བམ་དཀར་ཆག་ཏུ་ཐེབས་པའི་ཆོས་སྣ་དྲུག་བཅུ་ལས། གླེགས་བམ་འདིར་ཅིས་ཀྱང་བཞུགས་དགོས་པའི་ཆོས་སྣ་ཞེ་