R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༨ན
[A:༨ན]གི་སྲུང་བ་ཐུན་མོང་བའི་བྱིན་རླབས་རྣམས་ལེགས་པར་ཐོབ་ནས། དེ་རྣམས་ཀྱི་རྒྱབ་རྟེན་ཚད་མ་བཞི་དང་རྗེས་སུ་འབྲེལ་བའི་ཡིག་སྣ་རྣམས་ཀྱི་ལུང་ཐོབ་པ་ལ། ཐོག་མར་བསྟན་བཅོས་རྡོ་རྗེའི་ཚིག་རྐང་། དེའི་རྣམ་འགྲེལ་རྗེ་ས་སྐྱ་པ་ཆེན་པོས་མཛད་པ་བཅུ་གཅིག་ནང་ནས་ཚིག་ཉུང་ལ་དོན་རྒྱས་པ་གཉག་མ་ཡིག་ཆུང་དང་བཅས་པ་ལ་དེང་སང་ལམ་འབྲས་གླེགས་བམ་ཞེས་མཚན་དུ་གྲགས་པ་འདིའི་ནང་ན་བཞུགས་པའི་ཆོས་ཀྱི་རྣམ་གྲངས་ལ། རྡོ་རྗེའི་ཚིག་རྐང་གི་རྣམ་འགྲེལ་གཉག་མ་དང་། །གསལ་བྱེད་ཀུན་གཞི་རྒྱུ་རྒྱུད་གདན་སོགས་དང་། །ལུས་དཀྱིལ་འཆི་བསླུ་བུམ་དབང་འདའ་ཀ་མ། །ཐིག་ལེའི་རྣལ་འབྱོར་ཕྱག་རྒྱའི་མཚན་ཉིད་དང་། །བཞི་པའི་འདའ་ཀ་བར་དོའི་གདམས་ངག་དང་། །ལམ་དབང་ཚད་མ་བཞི་དང་གདམས་ངག་དྲུག །རྟེན་འབྲེལ་ལྔ་དང་གྲིབ་སེལ་ཡིག་ཆུང་གཉིས། །ཐིག་ལེ་སྲུང་བ་ཡིག་བརྒྱའི་འདོན་ཐབས་དང་། །རླུང་སྦྱོར་བྷ་གའི་ཡི་གེ་འཁོར་བཞིའི་རྒྱ། །དབང་ཕྱུག་དོན་བརྒྱད་ས་ཕྱེད་མངོན་རྟོགས་དང་། །དོན་བསྡུས་མ་སྟེ་ཉི་ཤུ་རྩ་བཞི་ནི། །བསྟན་བཅོས་ཉིད་ཀྱི་སྟེང་དུ་བཤད་བྱ་འོ། །དེ་དག་ལས་འཕྲོས་གུད་དུ་གསུངས་པའི་ཆོས། །འཁོར་འདས་དབྱེར་མེད་དབང་བཞིའི་མན་ངག་གནད། །མཆོག་དབང་བསྐུར་ཚུལ་བསྐྱེད་རིམ་བསྡུས་པ་དང་། །རིལ་བུའི་སྒྲུབ་ཐབས་ཡུམ་གྱི་བྱིན་རླབས་དང་། །གེགས་སེལ་བཞི་དང་དབང་ཆུ་སྒྲུབ་ཐབས་གསུམ། །རྩ་ལྟུང་འཁྲུལ་སྤོང་ཚོགས་འཁོར་སྦྱིན་སྲེག་སྟེ། །རྩ་བ་ལས་འཕྲོས་ཆོས་སྣ་བཅུ་བདུན་པ་ལས། །ཕྱི་མ་བདུན་པོ་ལོགས་སུ་བཞུགས་ཀྱང་རུང་། །འབྲིང་བསྡུས་ལམ་