[A:༢༠ན]རྡོ་རྗེའི་ཁྲིད། འཁོར་ལོ། གྲུབ་ཆེན་བཅུ། ཕྲ་མོ་བརྒྱད་དང་བཅས་པའི་བརྒྱུད་པ་ནི། མུས་ཆེན་དཀོན་མཆོག་རྒྱལ་མཚན། ཀུན་མཁྱེན་བསོད་ནམས་སེང་གེ རྗེ་བཙུན་སངས་རྒྱས་རིན་ཆེན། འཇམ་དབྱངས་དཀོན་མཆོག་ལྷུན་གྲུབ། རྗེ་དཀོན་མཆོག་རྒྱ་མཚོ། རྒྱལ་བ་མུས་པ་ཆེན་པོ་སངས་རྒྱས་རྒྱལ་མཚན། དེས་བདག་ས་སྐྱ་པ་ཨ་ནནྡ་ལའོ། ༈ །སྦས་བཤད་འཁོར་ལོ་སོ་གཉིས་ཀྱི་བརྒྱུད་པ་ནི། ཉན་ཆེན་པ་ནས་གཉག་སྙིང་པོ་རྒྱལ་མཚན། བླ་མ་རྒྱལ་མཚན་འོད། འགྲོ་མགོན་བསོད་ནམས་རྒྱལ་མཚན། བླ་མ་དཔལ་ལྡན་པ་མན་འདྲ། ༈ །ཕོ་བྲང་ལྔའི་སྦས་བཤད་འཕྲུལ་འཁོར་དང་བཅས་པའི་བརྒྱུད་པ་ནི། ཉན་ཆེན་པ། དཀར་པོ་བྲག་པ། བླ་མ་དཔལ་ལྡན་པ་མན་འདྲ། རྣམ་འཇོམས་བིར་ལུགས་ཀྱི་བྱིན་རླབས་ཀྱི་བརྒྱུད་པ་ནི། རྡོ་རྗེ་རྣམ་འཇོམས། བིརྺ་པ། ས་ཆེན། རྩེ་མོ། རྗེ་བཙུན། ས་པཎ། སྐྱོ་སྟོན་དྲི་མེད། ཞང་དཀོན་མཆོག་དཔལ། དགའ་ལྡན་པ་ཀུན་བསོད། གན་པ་རིན་ཆེན་རྒྱལ་མཚན། འགྲོ་མགོན་བསོད་ནམས་རྒྱལ་མཚན། དཔལ་ཚུལ་པ། ཤར་ཆེན། ངོར་ཆེན། མུས་ཆེན། ཀུན་མཁྱེན། རྗེ་སངས་རིན། རྗེ་དཀོན་མཆོག་ལྷུན་གྲུབ། སྤྱན་སྔ་དཀོན་མཆོག་རྒྱ་མཚོ། རྒྱལ་བ་མུས་པ་ཆེན་པོ་སངས་རྒྱས་རྒྱལ་མཚན། དེས་བདག་ས་སྐྱ་པ་ངག་དབང་ཀུན་བསོད་ལའོ། །ཡང་ན་སྐྱོ་སྟོན་དར་མ་ཡེ་ཤེས། བག་སྟོན་གཞོན་ཚུལ། བླ་མ་ཚུལ་རྒྱལ། བླ་མ་དཔལ་ལྡན་ཚུལ་ཁྲིམས་མན་གོང་དང་འདྲ། ཡང་ན་རྗེ་བཙུན། གན་པ་སྟོན་དར། གན་པ་སོ་སྟོན། གན་པ་ཆོས་རྒྱལ། གན་པ་ཆོས་