[A:༢༠བ]རིན། གན་པ་རིན་རྒྱལ། འགྲོ་མགོན་བསོད་ནམས་རྒྱལ་མཚན་སོགས་སྔར་བཞིན་ནོ། ༈ །ཚར་གསུམ་ཁུག་པའི་བྱིན་རླབས་ཡན་ལག་དྲུག་དང་བཅས་པའི་བརྒྱུད་པ་ནི། ས་པཎ་ཡན་ཆད་ལམ་འབྲས་དང་འདྲ་བའམ། ཡང་ན་འབྲོག་མི་ནས། མངའ་རིས་པ་གསལ་བའི་སྙིང་པོ། སྒྱི་ཆུ་བ། ས་ཆེན། རྩེ་མོ། རྗེ་བཙུན། ས་པཎ། ལུང་ཕུ་བ། བཀྲས་ལུང་པ། གཞོན་ནུ་གྲུབ། ཞང་བྱང་ཆུབ་ཤེས་རབ། འགྲོ་མགོན་བསོད་ནམས་རྒྱལ་མཚན། བླ་མ་དཔལ་ལྡན་པ། རྗེ་བུདྡྷ་ཤྲཱི། རྡོ་རྗེ་འཆང་ཀུན་བཟང་། མུས་ཆེན་དཀོན་རྒྱལ། རྒྱལ་ཚབ་ཀུན་དབང་པ། ཡོངས་འཛིན་དཀོན་མཆོག་འཕེལ་བ། རྗེ་ལྷ་མཆོག་སེང་གེ རྗེ་དཀོན་མཆོག་ལྷུན་གྲུབ། རྗེ་དཀོན་མཆོག་རྒྱ་མཚོ། རྡོ་རྗེ་འཆང་སངས་རྒྱས་རྒྱལ་མཚན། དེས་བདག་ས་སྐྱ་བ་ཨ་ནནྡ་ལའོ། །ཡང་ན་འདྲེན་མཆོག རྗེ་སངས་རྒྱས་རིན་ཆེན། རྗེ་དཀོན་མཆོག་ལྷུན་གྲུབ་མན་འདྲའོ། །སྒོ་དྲུག་ཆོས་འབྲེལ་དུ་གྲགས་པ་ལས། མདོ་རྒྱུད་བསྲེ་བའི་བརྒྱུད་པ་ནི། སློབ་དཔོན་ཤནྟི་པ། འབྲོག་མི་ལོ་ཙཱ་བ། སེ་སྟོན་ཀུན་རིག ཞང་དགོན་པ་བ། ས་ཆེན། རྗེ་བཙུན། ས་པཎ། ལུང་ཕུ་བ། སྒོམ་པ་ནམ་བསོད། མཁས་བཙུན་གཞོན་ནུ་གྲུབ། ཞང་སྟོན་བྱང་ཤེས། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། བླ་མ་དཔལ་ཚུལ་བ། གྲུབ་ཆེན་བུདྡྷ་ཤྲཱི། ངོར་ཆེན་རྡོ་རྗེ་འཆང་། མུས་ཆེན་དཀོན་རྒྱལ། གྲུབ་ཆེན་དཀོན་མཆོག་བློ་གྲོས། རྗེ་བཙུན་སངས་རྒྱས་རིན་ཆེན། རྗེ་དཀོན་མཆོག་ལྷུན་གྲུབ། སྤྱན་སྔ་དཀོན་མཆོག་རྒྱ་མཚོ། རྒྱལ་བ་མུས་པ་ཆེན་པོ་སངས་རྒྱས་རྒྱལ་མཚན། དེས་བདག་ས་སྐྱ་པ་ངག་