[A:༢༡ན]དབང་ཀུན་དགའ་བསོད་ནམས་ལའོ། ༈ །བར་ཆད་གསུམ་སེལ་གྱི་བརྒྱུད་པ་ནི། ཛྙཱ་ན་ཤྲཱི། ཤེས་རབ་འབྱུང་གནས། རིན་ཆེན་རྡོ་རྗེ་གསུམ་ལ་འབྲོག་མིས་གསན། དེ་ལ་སྒོམ་ཆེན་སེ་རོག་གཉིས་ཀས་གསན། དེ་ལ་གཉོས། ཡེར་པ་བསྒོམ་སེང་། གྲུབ་ཐོབ་ལྷ་འབར། ཁ་རག་སྒོམ་པ། ལུང་ཕུ་བ་སོགས་སྔ་མ་ཇི་བཞིན་ནོ། ༈ །གཉུག་མ་དྲན་གསལ་གྱི་བརྒྱུད་པ་ནི། སྒྲོལ་མ། ངག་དབང་གྲགས་པ། འབྲོག་མི། འཁོན་དཀོན་མཆོག་རྒྱལ་པོ། ས་ཆེན། རྗེ་བཙུན། ས་པཎ། ལུང་ཕུ་བ་སོགས་སྔར་བཞིན་ནོ། ༈ །སྡུག་བསྔལ་གསུམ་སེལ་གྱི་བརྒྱུད་པ་ནི། རྗེ་བཙུན་ནཱ་རོ་པ། འབྲོག་མི། འཁོན་དཀོན་མཆོག་རྒྱལ་པོ། གསལ་བའི་སྙིང་པོ། སྒྱི་ཆུ་བ། ས་ཆེན། རྗེ་བཙུན་ལ་སོགས་གོང་བཞིན་ནོ། ༈ །མགོན་པོ་དཔའ་རྐྱང་རྗེས་གནང་གི་བརྒྱུད་པ་ནི། རྡོ་རྗེ་འཆང་ཀུན་དགའ་བཟང་པོ་ཡན་ཆད་གསུང་ངག་དང་འདྲ། རྒྱལ་ཚབ་ཀུན་དགའ་དབང་ཕྱུག ཀུན་མཁྱེན་བསོད་ནམས་སེང་གེ རྗེ་བཙུན་སངས་རྒྱས་རིན་ཆེན། རྒྱལ་བ་ལྷ་མཆོག་སེང་གེ རྗེ་དཀོན་མཆོག་ལྷུན་གྲུབ། རྗེ་དཀོན་མཆོག་རྒྱ་མཚོ། རྡོ་རྗེ་འཆང་སངས་རྒྱས་རྒྱལ་མཚན། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །ཡང་ན་རྗེ་སངས་རྒྱས་རིན་ཆེན། རྗེ་དཀོན་མཆོག་ལྷུན་གྲུབ་མན་འདྲའོ། །མགོན་པོ་དཔའ་རྐྱང་གི་སྒྲུབ་ཐབས་གུར་རྒྱན་ལས་འབྱུང་བ་དང་། སྒྲུབ་ཐབས་དང་རྗེས་གནང་གི་ཡི་གེ་ཀུན་མཁྱེན་ཆེན་པོས་མཛད་པའི་ལུང་ཡང་ཐོས་སོ། །ཀུན་མཁྱེན་བསོད་ནམས་སེང་གེས་མཛད་པའི་བསྐྱེད་རིམ་གྱི་རྣམ་བཤད། མན་