[A:༢༡བ]ངག་གི་གསལ་བྱེད། ལུས་དཀྱིལ་གྱི་རྣམ་བཤད་བདེ་ཆེན་བཅུད་ཀྱི་སྙིང་པོ། གསུང་ངག་བསྟན་པ་རྒྱས་པའི་ཉི་འོད། རྗེ་སངས་རྒྱས་རིན་ཆེན་པས་མཛད་པའི་དམ་ཚིག་གི་བཤད་པ། ཁྲིད་ཡིག་དངོས་གྲུབ་འབྱུང་བའི་གཏེར་ཆེན། དབང་གོང་མའི་ཁྲིད་ཡིག ལམ་ཟབ་བསྡུས་པ། བདུད་རྩི་རིལ་བུ་བསྒྲུབ་པའི་ཕྱག་ལེན་གྱི་ཡི་གེ་རྗེ་དཀོན་མཆོག་ལྷུན་གྲུབ་པས་མཛད་པའི་སྣང་གསུམ་མཛེས་རྒྱན། སེམས་བསྐྱེད་ཀྱི་ཆོ་ག སློབ་མ་རྗེས་འཛིན། ལམ་ཟབ་བླ་མའི་རྣལ་འབྱོར་གྱི་ཉམས་ལེན་གསང་བའི་ཉེ་ལམ་ཚར་གསུམ་ཁུག་པ་གསུང་ངག་རིན་པོ་ཆེའི་དམིགས་རིམ་དང་མཐུན་པའི་གསོལ་འདེབས་ཟབ་དོན་སྙིང་པོ། དེའི་ལམ་འཁྱེར་གྱི་སྨོན་ལམ་བདུད་རྩི་སྙིང་པོ། མན་ངག་གི་བརྡ་འགྲོལ་ཟབ་དོན་སྣང་བ། གཞུང་ཇི་ལྟ་བ་བཞིན་དཀྲི་བའི་གཞུང་ཤིང་ལ་འཕྲོས་པའི་དྲི་བ་ཚིགས་བཅད་མ། རྒྱུད་གསུམ་མཛེས་རྒྱན་རྣམས་ཀྱང་ཐོས་སོ། །དེ་ལྟར་གསུང་ངག་རིན་པོ་ཆེ་གནང་བའི་སྐབས་དེར། བསགས་སྦྱངས་ཀྱི་དུས་དང་། རྒྱུ་དབང་། ལམ་དབང་། ལམ་ཟབ་ཕྱི་ནང་། བླ་མ་རིན་འབྱུང་། བིར་བསྲུང་ཐུན་མོང་བ། བརྡ་ཆིག་བརྒྱུད། བིར་བསྲུང་ཐུན་མོང་མ་ཡིན་པ། བརྡ་དོན་གསལ་བ། སྒྲུབ་པ་ལུང་སྦྱིན་སོགས་ཀྱི་གསུང་རྒྱུན་ཕྱག་ལེན་གལ་ཆེ་བ་རྣམས་ཟིན་བྲིས་ཀྱི་ཚིགས་སུ་བཅད་པར་བསྡེབས་པ་ནི་འདི་ལྟ་སྟེ། སྐབས་དེར་བསགས་སྦྱངས་སྐབས་ཀྱི་ལག་ལེན་ལ། །སྐྱབས་འགྲོ་སེམས་བསྐྱེད་རྡོར་སེམས་སྒོམ་བཟླས་དང་། །དེ་རྗེས་བླ་མ་རྡོ་རྗེ་འཆང་ཆེན་དུ། །བསྐྱེད་ལ་མཎྜལ་སོ་བདུན་མ་ཉིད་དང་། །བདུན་མ་གཉིས་པོ་ལན་མང་ཕུལ་རྗེས་སུ། །བླ་མ་རང་ལ་