R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༣ན
[A:༢༣ན]བྱུར་བསལ་དེ་ནས་རིག་པ་ཡི། །དབང་ལྔ་ནས་བརྩམས་དབང་བཞི་རྫོགས་ཀྱི་བར། །ལམ་དུས་བཞིན་བྱ་འོན་ཀྱང་དབང་གི་རྫས། །བུམ་ཆུ་འཐུང་དང་དབུ་རྒྱན་གྱོན་པ་དང་། །རྡོར་དྲིལ་ལག་ཏུ་འཛིན་རྣམས་ལམ་དུས་ཀྱི། །དུས་དེར་བསྒོམ་བྱ་ཡིན་མོད་སྐབས་འདིར་ནི། །དངོས་སུ་བྱེད་ལ་དབང་རྣམས་རྫོགས་པ་དང་། །ཆོས་སྐྱོང་རྣམས་ལ་གཏོར་འབུལ་བྱས་པའི་རྗེས། །བསྐངས་པ་རྒྱས་བསྡུས་གང་ཡང་རུང་བ་དང་། །བསྟོད་པ་བྱས་རྗེས་རྡོ་གླུ་བཀྲ་ཤིས་དང་། །སྨོན་ལམ་དེ་ཡིས་སངས་རྒྱས་མྱུར་ཐོབ་ཤོག །ཅེས་པའི་བར་བྱ་དེ་ནས་སློབ་མ་རྣམས། །ཁྲུས་བྱས་གྲལ་ལ་འཁོད་དེ་དབང་བསྐུར་བྱ། །རིགས་ལྔའི་དབང་དང་རྡོ་རྗེ་བརྟུལ་ཞུགས་དབང་། །རྡོ་རྗེ་སློབ་དཔོན་དབང་རྣམས་སློབ་མ་ཡི། །ཕྱི་ནང་གཉིས་ཀའི་རྟེན་ལ་བསྐུར་བ་ཡི། །གསང་དབང་དེ་དང་འདྲ་ལ་ཤེར་དབང་ནི། །ཕྱི་ཡི་རྟེན་དང་ནང་གི་འཁོར་ལོ་ལྔའི། །གཙོ་བོ་རྣམས་ལ་བསྐུར་གྱི་གཞན་ལ་མིན། །ལམ་དབང་བསྐུར་བའི་སྐབས་དེར་སྐུར་བྱེད་ཀྱི། །དཀྱིལ་འཁོར་སློབ་དཔོན་དབང་གི་རྗེས་སུ་བསྟིམ། །ཉམས་ལེན་དུས་སུ་དབང་བཞི་རྫོགས་པར་མནོས། །རིག་པའི་དབང་ལྔའི་དབང་རྫས་བུམ་པའི་ཆུ། །སྟེར་དང་དབུ་རྒྱན་འཆིང་དང་རྡོར་དྲིལ་གཉིས། །ལག་ཏུ་གཏད་དང་མིང་དབང་བསྐུར་བ་དང་། །བརྟུལ་ཞུགས་དབང་གི་དབང་རྫས་རྡོ་རྗེ་དེ། །གཏོད་དང་སློབ་དཔོན་དབང་དུས་རྡོ་རྗེ་དང་། །དྲིལ་བུ་སྦྱིན་དང་ཆུ་ཡི་དབང་བསྐུར་བ། །རྣམ་སོགས་དེ་དག་མཛད་པོ་སྐུར་བྱེད་ཀྱི། །དཀྱིལ་འཁོར་ཉིད་ཀྱི་གཙོ་བོའི་ཐུགས་ཁ་ནས། །ཞལ་གཅིག་ཕྱག་གཉིས་ལྡན་པའི་ཧེ་རུ་ཀ །བྱོན་པར་