R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༤ན
[A:༢༤ན]བཏབ།
སེམས་བསྐྱེད་སོགས་བྱས་ནས། །སློབ་མ་མཎྜལ་འབུལ་གཞུག་གང་དྲིན་མ། །སོགས་ཀྱི་རྗེས་ཟློས་བྱེད་འཇུག་གོ །དེ་ཡི་རྗེས་སུ་སློབ་དཔོན་གྱིས། །སྐྱབས་སུ་འགྲོ་བ་ནས་བརྩམས་ཏེ། །ནང་གི་བླ་མའི་རྣལ་འབྱོར་གྱི། །ངག་འདོན་གོང་དང་འདྲ་བ་ལས། །ཁྱད་པར་ཡེ་ཤེས་པ་སློབ་མ། །རྣམས་ལ་བསྟིམས་ནས་དེའི་རྐྱེན་གྱིས། །སློབ་མའི་ལུས་དཀྱིལ་གསལ་འདེབས་སོ། །ལེགས་པར་རྫོགས་ནས་གཏང་རག་གི །མཎྜལ་སོགས་བྱ་དེའི་རྗེས་སུ། །སློབ་དཔོན་གྱིས་ནི་མཇུག་ཆོག་རྣམས། །བྱ་འོ་དེ་ལྟའི་ལག་ལེན་གྱི། །རིམ་པ་འདི་ནི་བླ་མ་ཡི། །གསུང་རྒྱུན་ཕྱག་ལེན་ལེགས་ཟིན་པའི། །ལུགས་སུ་བྱས་ནས་བྲིས་པ་ཡིན། །བླ་མ་རིན་འབྱུང་གནང་དུས་ཕྱག་ལེན་ནི། །སྟེགས་ལ་ཟླུམ་གཏོར་གསུམ་དང་ཆུ་རྣམ་བཞི། །སྔོན་འགྲོ་ཉེར་སྤྱོད་ལྔ་བཤམ་སློབ་དཔོན་གྱིས། །ཐོག་མར་ལམ་དུས་བླངས་ལ་དེ་ཡི་རྗེས། །ཉིད་ལ་བླ་མ་རིན་འབྱུང་ལེགས་པར་བསྒོམ། །དེ་ནས་གཏོར་བསྔོ་བྱས་ལ་སློབ་མ་བསྡུས།
བླ་མས
།སེམས་བསྐྱེད་གསལ་བཏབ་སོགས་བྱ་མཎྜལ་དང་།
སློབ་མས།
།གང་དྲིན་ལ་སོགས་གསོལ་བཏབ་བྱར་བཅུག་ལ། །དེ་ནས་བླ་མ་རིན་འབྱུང་ཉིད། །གོང་དུ་བསྒོམ་པ་བཞིན་དུ་སྐྱབས་འགྲོ་ནས། །བརྩམས་ཏེ་ངག་འདོན་རྣམས་བརྗོད་སེམས་བསྐྱེད་བསྒོམ། །དེ་རྗེས་སློབ་མ་རྣམས་ལ་བསྒོམ་ཚུལ་སོགས། །སྤོག་ལ་གཏང་རག་མཎྜལ་ཡོན་འབུལ་རྣམས། །བྱས་ནས་བླ་མས་མཇུག་གི་ཆོ་ག་བྱ། །དེ་བཞིན་ལག་ལེན་རིམ་འདི་བླ་མ་ཡི། །ཕྱག་ལེན་ཟིན་པའི་ལུགས་སུ་བྱས་ནས་བྲིས། ༈ །བིར་བསྲུང་ཐུན་མོང་བ་འདི་ཉིད། །