R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༤བ
[A:༢༤བ]ཉམས་ལེན་བྱེད་ཚེ་རང་གི་མདུན། །རྣལ་འབྱོར་དབང་ཕྱུག་བསྐྱེད་དགོས་པ། །དེ་ལ་ཡེ་ཤེས་པ་འཇུག་དུས། །བླ་མ་རྣམས་ནི་བིརྺ་པའི། །རྣམ་པ་ཐིམ་ཞིང་སངས་རྒྱས་དང་། །བྱང་སེམས་ཐམས་ཅད་ཀྱཻ་རྡོ་རྗེའི། །རྣམ་པ་མདུན་བསྐྱེད་དེའི་ཐུགས་ཀར། །ཞུགས་པར་བསྒོམ་པ་ཡིན་ཞེས་པའི། །བླ་མའི་གསུང་དེ་འདིར་བྲིས་སོ། ༈ །ཆོས་ཟབ་གདམས་པ་ཆིག་བརྒྱུད་མ། །གནང་སྐབས་ཕྱག་ལེན་འདི་ལྟ་སྟེ། །ཆུ་བཞི་སྔོན་འགྲོ་མཆོད་ལྔ་དང་། །ཟླུམ་གཏོར་གསུམ་རྣམས་སྟེགས་ལ་བཤམ། །དེ་ནས་བླ་མས་ལམ་དུས་བླངས། །དཀྱིལ་འཁོར་བསྡུས་ཏེ་ཆོས་སྐྱོང་ལ། །གཏོར་འབུལ་བྱས་རྗེས་སློབ་མ་བསྡུད། །བསྡུད་གོང་ཡོལ་བས་སློབ་དཔོན་དང་། །སློབ་མ་འདུག་པའི་བར་བཅད་ལ། །སློབ་མ་འདུས་ནས་མཎྜལ་དང་། །ཀུན་མཁྱེན་ཡེ་ཤེས་སོགས་བྱེད་འཇུག །དེ་ཡི་རྗེས་སུ་བླ་མ་ཡིས། །སེམས་བསྐྱེད་གསལ་བཏབ་སོགས་བྱ་འོ། །དེ་ནས་དཔོན་སློབ་ཐམས་ཅད་ཀྱིས། །བསྲུང་འཁོར་བསྒོམ་ཞིང་ཨུཥྞི་ཥི།
བཟླ་བའི
།ངང་ནས་སློབ་མ་རིམ་པ་བཞིན། །ཡོལ་བའི་
ཕྱི་སློབ་མ་འདུག་པ་ནས་
ནང་དུ་
སློབ་དཔོན་གྱི་དྲུང་དུ་
ཡོང་བཅུག་ལ།
བླ་མས
།བརྡ་རྣམས་བསྟན་ལ་ཀུན་རྫོགས་ནས། །དེ་ནས་དཔོན་སློབ་ཐམས་ཅད་ཀྱིས། །བསྲུང་འཁོར་གྱིས་མཇུག་རྫོགས་པར་བྱ། །དེ་རྗེས་གཏང་རག་མཎྜལ་སོགས། །བྱས་ལ་སློབ་དཔོན་གྱིས་མཇུག་ཆོག །རྣམས་བྱ་དེ་ལྟའི་ལག་ལེན་གྱི། །རིམ་པ་འདི་ཡང་བླ་མ་ཡི། །ཕྱག་ལེན་ཟིན་པའི་ལུགས་བྱས་བྲིས། ༈ །ཐུན་མོང་མིན་པའི་བིར་བསྲུང་ཉིད། །གནང་སྐབས་ཕྱག་ལེན་འདི་བཞིན་ཏེ། །ཟླུམ་གཏོར་ལྔ་དང་ཉེར་སྤྱོད་ལྔ། །ཆུ་བཞི་དང་