R364: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད།

  • Pagination (Witness A): ༢༦ན
[A:༢༦ན]མཎྜལ་སོགས། །བྱེད་འཇུག་དེ་རྗེས་བླ་མས་གཏོར་འབུལ་སོགས། །བྱ་འོ་དེ་བཞིན་ལག་ལེན་རིམ་པ་འདི། །བླ་མའི་ཕྱག་ལེན་ཟིན་པའི་ལུགས་བྱས་བྲིས། ༈ །ཡང་ཆོས་ཀྱི་རྗེ་དུས་གསུམ་སྒྲིབ་མེད་དུ་གཟིགས་པ་དེ་ཉིད་ཀྱི་དྲུང་དུ། དཔལ་འཁོར་ལོ་སྡོམ་པའི་བསྐྱེད་རྫོགས་ཀྱི་ཁྲིད་ཟབ་མོ་རྣམས་མནོས་པའི་ཚེ། །དེ་དག་གི་སྔོན་འགྲོར་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྦྱོང་བའི་མན་ངག་བློ་སྦྱོང་ཞེན་པ་བཞི་བྲལ་དུ་གྲགས་པའི་ཁྲིད་ཐོབ་པའི་བརྒྱུད་པ་ནི། ཐུབ་པའི་དབང་པོ། རྗེ་བཙུན་འཇམ་དབྱངས། བླ་མ་ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོ། སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན། ཆོས་རྒྱལ་འཕགས་པ། ཞང་དཀོན་མཆོག་དཔལ། ན་བཟའ་བྲག་ཕུག་པ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། མུས་ཆེན་སེམས་དཔའ་ཆེན་པོ། རྒྱལ་ཚབ་དམ་པ་ཀུན་དགའ་དབང་ཕྱུག་པ། ཡོངས་འཛིན་དཀོན་མཆོག་འཕེལ་བ། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། འཇམ་དབྱངས་དཀོན་མཆོག་རྒྱ་མཚོ། རྒྱལ་བ་མུས་པ་ཆེན་པོ་སངས་རྒྱས་རྒྱལ་མཚན། དེས་བདག་ས་སྐྱ་པ་སྔགས་འཆང་ངག་དབང་ཀུན་དགའ་བསོད་ནམས་ལའོ། །ཡང་ན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། གུ་གེ་པཎ་ཆེན་གྲགས་པ་རྒྱལ་མཚན། ར་སྟོན་ཡོན་ཏན་དཔལ་བཟང་། མཁན་ཆེན་བསམ་གྲུབ་ལྷུན་གྲུབ། རྗེ་དཀོན་མཆོག་ལྷུན་གྲུབ་མན་འདྲ། ཡང་ན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། མཁས་གྲུབ་