[A:༢༥བ]བླ་མ་ཀྱེ་རྡོ་རྗེར། །མོས་པ་མཛོད་ཅེས་སློབ་དཔོན་གྱིས། །བརྡ་སྦྱར་དེ་ནས་སློབ་མ་ཡིས། བླ་མས་་་་་་།ལག་ཏུ་བརྡ་དོན་གསལ་བའི་རྡོ། །གཏད་ལ་བྱིན་རློབས་དེ་བསྟན་བྱ། །དེ་ནས་རྒྱས་བཤད་རྩ་ཚིག་གིས། །འབྲུ་གཉེར་སོགས་བྱ་དེའི་རྗེས་སུ། །བྱིན་རླབས་རྗེས་ཀྱི་བྱ་བ་ནི། །སློབ་མ་རྣམས་ལ་གཏང་རག་གི །མཎྜལ་འབུལ་སོགས་མཛོད་ཅིག་ཅེས། །བརྗོད་ལ་བྱེད་འཇུག་དེ་གྲུབ་ནས། །སློབ་མ་སློག་ལ་བླ་མ་ཡིས། །རྗེས་ཆོག་མ་ནོར་ལེགས་པར་བྱ། །འདི་ལྟའི་ལག་ལེན་རིམ་པ་འདི། །བླ་མའི་ཕྱག་ལེན་བརྗེད་དོགས་བྲིས། ༈ །སྒྲུབ་པ་ལུང་སྦྱིན་གནང་སྐབས་ཕྱག་ལེན་ནི། །ཟླུམ་གཏོར་ལྔ་གསུམ་གང་རིགས་ཉེར་སྤྱོད་ལྔ། །ཆུ་བཞི་དང་བཅས་བཤམ་ལ་བླ་མ་ཡིས། །ལམ་དུས་བླང་ཞིང་ཆོས་སྐྱོང་ལ་སོགས་ལ། །གཏོར་བསྔོ་དེ་ནས་སློབ་མ་རྣམས་བསྡུས་ལ། །བླ་མས་བཤད་པ་རྒྱས་བསྡུས་ཅི་རིགས་བྱ། །དེ་ནས་སློབ་མར་ཆོས་ཡོན་མཎྜལ་དང་། །གང་དྲིན་སོགས་ཀྱི་གསོལ་འདེབས་བྱེད་འཇུག་གོ །དེ་རྗེས་རྟེན་འབྲེལ་སྒྲིག་དང་བར་ཆད་བསལ། །གཞན་དོན་བྱ་བ་མཐུ་དང་ལྡན་པའི་ལུང་། །སྦྱིན་པ་རྣམས་ལ་སློབ་མས་གསོལ་འདེབས་དང་། །བླ་མས་བརྗོད་དགོས་རྣམས་བྱ་དེའི་རྗེས་སུ། །དམ་བཞག་རྣམ་པ་བཞི་པོ་སློབ་དཔོན་གྱིས། །བྱ་འོ་དུས་དེར་ཕན་ཡོན་དང་ཉེས་དམིགས། །གཉིས་ཀ་དམ་བཞག་ལ་དགོས་བུམ་ཆུ་དེ། །སྒྲུབ་པའི་ལུང་སྦྱིན་འདི་ཉིད་གནང་སྐབས་ཀྱི། །དུས་སུ་སྒྲུབ་པའམ་ཡང་ན་དེ་གོང་དུ། །སྒྲུབ་པའི་ཆུ་ལྷག་ཡོད་ན་དེས་རུང་ངོ་། །དམ་བཞག་གྲུབ་ནས་བླ་མས་དེ་སྦ་ཞིང་། །དམ་དུ་སྤེལ་ཞེས་སོགས་ཀྱི་བཤད་པ་བྱ། །དེ་ནས་སློབ་མ་གཏང་རག་